དྲན་པའི་གཏོར་བཤིག

དུང་བུ་ཆོས་འབུམ་རྒྱལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-11-15

བྲང་གཞུང་ན་བཤམས་པའི་གསོན་ཉམས་དོད་པོའི་སྡེར་ཁ་དེ
དུངས་སེམས་བཅངས་བའི་དཀར་མདོག་གི་ལྷད་མེད་ཅིག
མིག་ཟུང་གི་ཡོལ་བ་ཕྱེས་བའི་ཉིན་མཚན་གྱི་སྐོམས་གདུང་དེ
བརྩེ་ཞེན་གྱིས་དམ་དུ་བཏགས་པའི་སྨུག་སྤྲིན་གྱི་ཞགས་པ་ཞིག
 
ལག་ཟུང་ལས་ཡོད་ཚད་ཀྱི་མདུད་པ་བཀྲོལ་རྗེས
མིག་ཟུང་ལས་ཁ་དོག་གཞན་ཞིག་གི་བརྙན་རིས་འཆར་བ
སེམས་ཀྱི་ཕ་མཐའ་ནས་ཆས་བའི་ཞེན་པའི་རྫོང་མཁར་དེ་རེད
དྲན་གདུང་གིས་མེ་ཏོག་བཅོམ་པའི་ཕ་མཁར་སྐྱ་བོ་དེ་རེད
རི་ཆུའི་འཕྲེད་བཅད་ཀྱི་སྒལ་གཞུང་གཏོར་བའི་ནུས་མཐུ་སྟོབས་པོ་དེ་རེད
ཐོད་བརྒལ་འཕོ་བའི་རླུང་གི་མྱུར་ཚད་བདས་བའི
དུངས་ཞེན་ཁྲག་ཁྲིག་གི་བ་སྤུ་ཕྲ་མོ་དག་རེད
 
ཨུ་ཚུགས་ཀྱིས་གཅུད་པའི་དྲན་པའི་ཕ་བོང་དེ
གློག་ཞགས་ཀྱིས་ཁྲིད་པའི་འཁུན་སྒྲ་ཞིག་ལྟར
བཀོད་འདོམས་ཀྱིས་བཅུམ་ནས་གང་ལ་ཕོག་ན
དེའི་འཇམ་པོའི་རོ་ཡི་འགལ་འདུ་དེ་བརྗེད་ནས
མཉེན་པའི་རྩལ་དྲུག་སྙིང་ཁུངས་ལ་བསྡུས་འགྲོ
 
ཨ་ཙ་མའི་མེ་སོན་ཁྱེར་བའི་དྲན་པའི་མེ་ལྕེ་དེ
ཕྱི་ཐུམ་གྱི་དམར་རྗེན་གྱིས་བསླུས་བའི་རྟོགས་འགྱུ་ཁ་ཤས་དང
གཞོག་དྲིར་འདྲེས་བའི་བྱིས་བློའི་གནོང་འགྱོད་ཅིག
 
ཨ་མའི་བློ་ངོར་མ་གནག་པའི་དྲན་པ་ཡངས་མོ
ཨ་ཕའི་རྨི་ལམ་མ་དཀྲོག་པའི་དྲན་པ་ཞིམ་པོ
གངས་རིའི་ཟུངས་ཁྲག་ལ་སིམ་པའི་འབྲོང་གི་རྨིག་རྗེས་ལྟར
གཏོར་བཤིག་ལས་རིང་དུ་གྱེས་བའི་རྣམ་དག་གི་འཕོ་འགྱུར་ཡིན
                                  ༢༠༡༠ ༡༡  ༠༨ཉིན་རེབ་གོང་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དྲན་པའི་གཏོར་བཤིག

2010-11-15 དུང་བུ་ཆོས་འབུམ་རྒྱལ། ཀློག་གྲངས། མཆན ཡོད།

བྲང་གཞུང་ན་བཤམས་པའི་གསོན་ཉམས་དོད་པོའི་སྡེར་ཁ་དེ
དུངས་སེམས་བཅངས་བའི་དཀར་མདོག་གི་ལྷད་མེད་ཅིག
མིག་ཟུང་གི་ཡོལ་བ་ཕྱེས་བའི་ཉིན་མཚན་གྱི་སྐོམས་གདུང་དེ
བརྩེ་ཞེན་གྱིས་དམ་དུ་བཏགས་པའི་སྨུག་སྤྲིན་གྱི་ཞགས་པ་ཞིག
 
ལག་ཟུང་ལས་ཡོད་ཚད་ཀྱི་མདུད་པ་བཀྲོལ་རྗེས
མིག་ཟུང་ལས་ཁ་དོག་གཞན་ཞིག་གི་བརྙན་རིས་འཆར་བ
སེམས་ཀྱི་ཕ་མཐའ་ནས་ཆས་བའི་ཞེན་པའི་རྫོང་མཁར་དེ་རེད
དྲན་གདུང་གིས་མེ་ཏོག་བཅོམ་པའི་ཕ་མཁར་སྐྱ་བོ་དེ་རེད
རི་ཆུའི་འཕྲེད་བཅད་ཀྱི་སྒལ་གཞུང་གཏོར་བའི་ནུས་མཐུ་སྟོབས་པོ་དེ་རེད
ཐོད་བརྒལ་འཕོ་བའི་རླུང་གི་མྱུར་ཚད་བདས་བའི
དུངས་ཞེན་ཁྲག་ཁྲིག་གི་བ་སྤུ་ཕྲ་མོ་དག་རེད
 
ཨུ་ཚུགས་ཀྱིས་གཅུད་པའི་དྲན་པའི་ཕ་བོང་དེ
གློག་ཞགས་ཀྱིས་ཁྲིད་པའི་འཁུན་སྒྲ་ཞིག་ལྟར
བཀོད་འདོམས་ཀྱིས་བཅུམ་ནས་གང་ལ་ཕོག་ན
དེའི་འཇམ་པོའི་རོ་ཡི་འགལ་འདུ་དེ་བརྗེད་ནས
མཉེན་པའི་རྩལ་དྲུག་སྙིང་ཁུངས་ལ་བསྡུས་འགྲོ
 
ཨ་ཙ་མའི་མེ་སོན་ཁྱེར་བའི་དྲན་པའི་མེ་ལྕེ་དེ
ཕྱི་ཐུམ་གྱི་དམར་རྗེན་གྱིས་བསླུས་བའི་རྟོགས་འགྱུ་ཁ་ཤས་དང
གཞོག་དྲིར་འདྲེས་བའི་བྱིས་བློའི་གནོང་འགྱོད་ཅིག
 
ཨ་མའི་བློ་ངོར་མ་གནག་པའི་དྲན་པ་ཡངས་མོ
ཨ་ཕའི་རྨི་ལམ་མ་དཀྲོག་པའི་དྲན་པ་ཞིམ་པོ
གངས་རིའི་ཟུངས་ཁྲག་ལ་སིམ་པའི་འབྲོང་གི་རྨིག་རྗེས་ལྟར
གཏོར་བཤིག་ལས་རིང་དུ་གྱེས་བའི་རྣམ་དག་གི་འཕོ་འགྱུར་ཡིན
                                  ༢༠༡༠ ༡༡  ༠༨ཉིན་རེབ་གོང་ནས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།