འཆར་ཡན་གྱི་མཆོད་ཞལ།

མགོ་ལོག་པ་འཇིགས་བྱེད་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-11-13

ཞོགས་པའི་སྐྱ་རེངས་མཁའ་ནས་འཕྲོས་ཤིང་ཉི་གཞོན་བུ་མོས་འཛུམ་མདངས་ངོམ།།
སློབ་རྭའི་གླིང་གི་ཁོར་ཡུག་ཀུན་ཏུ་དབྱངས་གསལ་སྙན་པས་རོལ་མོ་འཁྲོལ།།
ན་ཆུང་སློབ་བུས་དགའ་སྤྲོའི་ངང་ནས་ཀློག་འདོན་སྐྱོར་སྦྱང་ལས་ལ་བྲེལ།།
ཀུན་གསལ་ནམ་མཁའི་སྤྲིན་པ་དཀར་པོ་ཤར་ཕྱོགས་ཕ་ཡུལ་ཕྱོགས་སུ་བཞུད།།
 
བུ་ངའི་དྲན་པ་རྟ་རྒོད་བཞིན་དུ་ཕ་ཡུལ་ཨ་མདོའི་ཕྱོགས་སུ་ཤོར།།
ཕ་ཡུལ་མགོ་ལོག་ཞི་བདེའི་ཞིང་ན་བག་མེད་བདེ་བར་གཟིམས་ཡོད་དམ།།
ཕ་དང་ཕུ་ནུ་ཤེས་རིག་གླིང་ན་སྙིང་སྟོབས་སྤོབས་པས་འགྱིངས་ཡོད་དམ།།
མ་དང་སྲུ་མོ་བརྩེ་བའི་ཀློང་ན་སྙན་པའི་གཏམ་གྱིས་བཟི་ཡོད་དམ།།
 
རྟ་ནོར་ལུག་གི་འཕེལ་ཁ་དར་སའི་མགོ་ལོག་གཡང་སྡེ་ཕྱུག་མོ་ན།།
བདག་གི་ཟུངས་ཁྲག་ཐོག་མའི་འབྱུང་ཁུངས་དྲིན་ཆེན་ཨ་ཕའི་འཛུམ་ཞལ་ཡོད།།
ཤེས་རབ་རྩལ་ཁ་གློག་ལས་མྱུར་བའི་ཨ་མདོ་རིག་པའི་གྲོང་ཁྱེར་ན།།
བུ་ངའི་མི་ལུས་རིན་ཆེན་བསྩལ་བའི་བྱམས་ལྡན་མ་ལོའི་བརྩེ་བ་ཡོད།།
 
ཨ་ཕ་དྲན་པའི་ལོ་རབས་བཤད་ན་ཡིག་འབྲུ་འགའ་ཡིས་མཚོན་ཐབས་བྲལ།།
ཨ་མར་དུང་བའི་མིག་ཆུ་གླེང་ན་སྙན་ངག་མཁན་པོས་མགྲིན་པ་འགགས།།
ན་ཟླར་བྲིས་པའི་འཕྲིན་པ་དེ་ནི་ཤོག་སྨྱུག་ཟད་པས་རྒྱུ་རུ་གྱུར།།
མགོ་ལོག་པ་ཡི་སེམས་པའི་དཀྱིལ་དུ་བཟོད་པར་དཀའ་བའི་ན་ཟུག་ཅིག།
 
མི་ཚེའི་བཞུད་ལམ་རིང་མོའི་ཁྲོད་ནས་བུ་ང་མི་ཡུལ་ས་མཐར་འཁྱམས།།
འཇིག་རྟེན་ཆོས་ལ་བདེན་པར་འཛིན་པའི་གནས་ལུགས་བུ་མོས་ང་རང་བསླུས།།
མི་ཆོས་རིག་པའི་ནང་སྙིང་འཚོལ་ན་ལྷ་ཆོས་རིག་པའི་གཞུང་དང་འགལ།།
བདེན་དོན་གནས་ལུགས་རྟོགས་པར་འདོད་ཚེ་འཕྲུལ་སྣང་སྒྱུ་མས་ཟློས་གར་འཁྲབ།།
 
ལྟ་ལོག་པ་ཡིས་སྨྱོ་གར་འཁྲབ་པའི་མི་རབས་གསར་བའི་སྤྱོད་ཁང་ན།།
ཨ་མའི་ལག་ཟས་རྨང ་ནས་བརྗེད་པའི་བོད་རིགས་གཞོན་ནུའི་དུར་ཁྲོད་ན།།
ཕ་ཆོས་ཟབ་མོ་ཕྱི་རུ་བཙོང་བའི་བླ་རྫུན་མང་བའི་ཁོར་ཡུག་ན།།
ཤེས་རབ་ཟབ་མོའི་ལྟ་བ་ལོན་པའི་བློ་མིག་ཡངས་བའི་མི་བུ་ང་།།
 
གཉེན་དང་ཕུ་ནུའི་མཛའ་བརྩེ་བསམ་ན་མིག་ཆུ་བཞུར་ནས་མཚོ་ལ་འདྲེས།།
མི་རིགས་ཞིག་གི་བདེ་སྡུག་གླེང་ནས་རིགས་ཞེན་སེམས་ཀྱིས་འཁུན་སྒྲ་ཤོར།།
སྙན་ངག་བུ་མོ་བག་མར་བསུས་ནས་བརྩེ་དུང་རྒུན་ཆང་ཧུབ་ཀྱིས་བཞེས།།
འདི་ལྟར་མི་རྟག་འཆར་ཡན་ཀློང་ནས་དེ་རིང་འབྲི་མཚམས་འདི་ནས་འཇོག།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཆར་ཡན་གྱི་མཆོད་ཞལ།

2010-11-13 མགོ་ལོག་པ་འཇིགས་བྱེད་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།