སྙན་ངག་པ་ཨ་ཁུ་འབྲོང་ལ་ཕུལ་བ།
ཉི་མ་ནི་ཉིན་གཅིག་གི་འགྲོ་རིམ་ཙམ་ལས་བརྒྱུད་པའི་ལྷད་མེད་ཀྱི་དྭགས་གཙང་ཡིན།
རྣམ་ཤེས་གསར་དུ་འཁྲུངས་བའི་ལོ་ངོ་ག་ཚོད་ཞིག་གི་ཡར་སྔོན་དུ།
ས་སྲོད་དང་སྨག་རུམ་གྱི་ཁྲོད་ནས་ནར་སོན་པའི་བྱིས་པ་ང་ཚོ།
ཁྱེད་ཀྱི་འཛུམ་མདངས་ལ་སྨོན་པ་སྒྲེང་ནས།
སྟོན་དུས་ཀྱི་ས་བོན་བཞིན་གསར་དུ་འཁྲུངས།
འུར་ཟིང་དང་ཉི་མའི་སྔ་རོལ་དུ་བྱ་ཁྱུ་དཀར་བོ་ཁྱུ་གཅིག་ལྷོ་རུ་གྲལ་བསྒྲིགས་བྱུང་།
རྒྱ་མཚོ་ཆེན་མོ་དང་མཐའ་ཡས་བའི་སྤང་ཐང་།
བྱ་རྒོད་པོའི་གཤོག་ཟུང་གི་འདབ་ལག་ན་བརྐྱངས་བའི་རབ་རིབ་ཀྱི་གྲིབ་གཟུགས་དེའང་།
ང་ཚོ་དང་བར་ཐག་ཡོད་པ་ནས་རིང་དུ་གྱེས་ཏེ
འཇིག་རྟེན་འཁོར་བའི་ཚུར་སྣང་རྟོགས་བྱུང་།
མཐའ་མཚམས་དང་མཐའ་མཚམས་ཀུན་ནས་གསལ་ལྷང་ལྷང་གི་ངོམས་པ་ནི།
གླུ་ཚིག་གི་ངོ་བོ་མ་འགྱུར་བའི་ཁྱེད་ཀྱི་ནང་སྙིང་ཡིན་ལ།
སྙན་ངག་གི་སེམས་ཁམས་མ་འགྱུར་བའི་ཁྱེད་ཀྱི་ཆགས་སྡང་ཡིན།
དུས་དེ་རིང་དང་ས་ཐག་རིངརིང་བོ་ནས་ཕེབས་པའི་མགྲོན་པོ་ཐོག་མ།
ཡར་ཀླུང་ནས་རྔུལ་ཆུ་དང་འདྲེས་བའི་རྩམ་དྲི་ངོ་མ་དྲུད་ཤོག
མཚོ་ཆེན་རྒྱལ་མོའི་ཉེ་ངོགས་ན་མིག་ཟུང་མང་བོས་ཁྱོད་ལ་གཏད་འདུག
རེ་ལྟོས་དང་མིག་ཟུང་མང་བོའི་མཐའ་འཁོར་ན
རྩོད་པའི་འཁྲུག་ལོང་གི་ཆུ་རླབས་མངར་མོ་འཁྲུག་ནའང་།
ཁྱོད་ཀྱི་དཀྱིལ་དབུས་ན་སྒྲེང་འདོད་པ་ནི
སེམས་དང་སེམས་ཀྱིས་གང་གིས་མི་རྟོགས་པའི་ཁྱོད་ཉིད་ངོ་མ་དེ་ཡིན་འདོད།
དུས་དེ་རིང་གནམ་སྔོན་པོ་ཞིག་ག་ལེར་བགད་བྱུང་།
ས་ཆེན་པོ་འདི་དེ་ལྟར་འཛུམ་བྱུང་།
གནའ་མིའི་བོད་ལ་བཞག་པའི་ཆེས་ཐོག་མའི་གཏམ་རྒྱུད་ལབ་མཁན་ཚོ།
ཐང་ཆེན་པོ་ནི་ཁྱེད་ཀྱི་དཀྱེལ་ཡངས་ཡིན་ལ།
གངས་དཀར་བོ་ནི་ཁྱེད་ཀྱི་སེམས་པ་ཡིན།
མཚམས་ལན་རེར་ལྷིང་འཇགས་ཀྱི་མཚམ་མོ་བསུ་ཐེངས་རེར།
མུན་པའི་ཁོག་ན་མི་ཞིག་ཡོང་གིན་འདུག
མིག་ཟུང་གི་འོད་མདངས་ཤེལ་སྒོ་ལས་བགྲོད་མི་ཐུབ་པས
སྣང་བརྙན་དེ་མཐོང་དཀའ་བར་གྱུར།
ངས་ལྐོག་ལྟ་ཅི་ལྟར་བྱས་ཀྱང་མཐའ་མཇུག་ཏུ་འཆར་ཡོང་བ་ནི།
སྐད་ཅིག་གི་འཚོ་བའི་གསེང་ན་འཛུལ་ཡོང་བའི་རྨི་ལམ་ཞིག་ཡིན་འདུག
ཨ་མའི་ཐོག་དང་བོར་ང་སྐྱེས་བ་ནས་བཟུང་ང་ལ་མིང་ཞིག་བཏགས་འདུག
མིང་དེ་ནི་རིམ་གྱིས་གོམས་ལོབས་སུ་སོང་བའི་༼འབྲོང༳ཞེས་བཏགས་འདུག
བརྒྱུད་རིམ་གསལ་བོ་མེད་པའི་ང་ལོ་ན་གཞོན་དུས་སུ།
ཨ་མས་རི་གའི་ཕ་རོལ་ན་གཤར་གྱིན་པ་འབྲོང་རེད་ཟེར།
ཁྱེད་ཉིད་སྐྱེས་དུས་སུ་འབྲོང་ནི་མིག་ལམ་དུ་ཐོག་དང་བོར་འཆར་ཡོང་བས་ཁྱེད་ཉིད་
འབྲོང་ལྟར་གཤར་དགོས་ཟེར།
ངས་བསམ་པར་ཐོག་དང་བོར་ཉི་མ་འདི་ཨ་མའི་མིག་ལམ་དུ་འཆར་བྱུང་ན།
ང་ལ་ཉི་མ་ཞེས་འདོགས་པར་གདོན་མི་ཟ།
ཡོད་ཚད་རང་ཉིད་ལ་འཚམ་པས་ཨ་མའི་ལྐོག་གྱུར་གྱི་ལེ་བདའ་མི་བྱེད་འདོད།
ཁ་སང་དེ་རིང་ངས་རང་ཉིད་ཡུལ་ཕྱོགས་གཞན་ཞིག་ཏུ་ཁྲིད་འདོད།
ཆེས་ལྷིང་འཇགས་ཀྱི་གནས་ཞིག་ན་རང་ཉིད་ངོ་མ་ཞིག་འཚོལ་འདོད་སྐྱེས།
༢༠༡༠ལོའི་ཟླ་༡༡བའི་ཚེས་༡༠ཉིན་ལན་གྲུ་ནས།

རྩོམ་ཁུངས། ངེད་དྲ་བ།