མདའ་བཙན་པོར་ཆགས་པ།
གལ་ཏེ་ཁྱོད་རང་བུད་མེད་ཅིག་ཡིན་པའི་དབང་དུ་བཏང་ན
ང་ནི་མུན་པའི་ཁྲོད་མགོ་བོ་སྨད་ཅིང
ཁེར་རྐྱང་ངང་རྒུན་ཆང་ཤེལ་ཕོར་གང་ལོངས་སུ་སྤྱོད་པའི་ཁྱོད་ཀྱི་མཛའ་བོ་དེ་ཅི་ལ་མིན
བདག་གི་འདང་ཆེ་བའི་གྲོགས་པོ

ང་ཚོ་མདུན་ཕྱོགས་ནས་འཛུམ་དམུལ་དམུལ་ངང་ཡོང་ནའང
དམར་གསོད་བྱེད་པར་དགའ་བའི་མི་དེ་རྣམས་ཀྱིས
ང་དང་ཁྱོད་ཀྱི་ཉམས་སྣང་གི་གཡའ་དག་པའི་མེ་ལོང་དེར་ཁ་གཏད་ནས
རྫུན་དང་ཕྲ་མས་གཡོགས་པའི་གླུ་གཞས་མང་པོ་བླངས་བྱུང

དོན་དམ་དུ་སུ་ཞིག་ནི་སྐད་ཆ་དངོས་བརྗོད་མཁན་ཡིན་ནམ
གོམ་འགྲོས་འདིའི་སེམས་ཚེགས་དང་དཀའ་ངལ་མཐའ་དག་སེམས་ཀྱིན
ངས་རང་གི་མཛའ་མོ་ལྟ་བའི་གྲོགས་པོ་ཁྱོད་རང་ཡིད་ལ་ཤར

འོན་ཀྱང༌། ཟླ་ངོ་ཁ་ཤས་ལ་མཇལ་མ་ཐུབ་པའི་ཁྱོད
ནམ་ཡང་དབེན་སིམ་པ་ཞིག་མི་འདུག
ནམ་ཡང་དབེན་སིམ་པ་ཞིག་མི་འདུག
2008-2-5
རྩོམ་ཁུངས། ངེད་དྲ་བ།