ལང་ཚོའི་རྒྱང་འབོད།

བདེན་པའི་ཨུ་ཚུགས་རྒྱ་རུ་བཏབ་པའི་ཁོར་ཡུག་སྐྱ་བོའི་ཧྲག་བར་ནས།།
སེམས་འདུན་དམར་བོའི་རླུང་རྟ་རེ་རེ་དུས་ཀྱི་སྐས་རྐང་བར་ན་འཕྱོ།།
རྒྱང་སྐྱོད་གོམ་ཁ་གཙང་བོའི་འགྲོས་བཞིན་དལ་མ་བྲེལ་གྱིས་བཞུར་བའི་ཚེ།།
སྲིད་ལ་བརྐམ་པའི་ལུས་ཀྱི་ཐོ་ཡོར་རིགས་རུས་ཤིག་གི་བགོ་སྐལ་ཡིན།།
གངས་ལ་བཏབ་པའི་སྨོན་པ་རེ་རེ་ལོ་དང་ཟླ་བའི་ངོས་ན་གསལ།།
གཙང་བོ་གསུམ་གྱི་འགོ་ཁུངས་འཚོལ་བའི་ལོ་རྒྱུས་མེ་ལོང་ངོས་ན་གསལ།།
མི་ལོ་དུ་མའི་བདེན་ལུགས་ཟབ་མོ་ཁྲག་དང་རྔུལ་ཆུས་བཀྲིས་པའི་ཚེ།།
དཔྲལ་བའི་གཉེར་རིས་སྡུག་གིས་རླན་པ་དངོས་དོན་སེམས་ཀྱི་དུངས་སྣང་ཡིན།།
མི་ལོ་སྟོང་གི་གཏམ་རྒྱུད་བརྗོད་དུས་ཕྱིར་མིག་བློ་ལ་ངལ་བ་སྟེར།།
གདུང་བཞིའི་སྐྱེ་རྒྱུད་ལྷ་རུ་བཀུར་བའི་རྟོགས་བཏགས་ལྕགས་ཀྱུའི་གོ་ཁྲབ་བཙན།།
མཁྲེགས་པའི་རྟུལ་ཞུགས་ཁབ་ཏུ་བཞེས་པའི་བསྐལ་བ་དུ་མའི་རྒྱབ་ལྗོངས་ན།།
སྐྲ་དཀར་རྒན་མོའི་མི་ཚེ་རྣམ་ཐར་ལྷ་ཁང་སེར་བོའི་རྟེན་སྐལ་ཡིན།།
དུས་ཀྱི་འཁོར་ལོའི་རྩིབས་མའི་བར་ན་བསམ་པའི་ལང་ཚོ་རླུང་གིས་ཟད།།
ཚན་རྩལ་རྒོད་པོའི་གཤོག་འགྱུར་ངོམ་དུས་མདུན་སྐྱོད་སུག་བཞི་སྒྲོག་གིས་བཅངས།།
རེ་ཆད་ཤུགས་གླུས་མགྲིན་པ་བརྣང་བའི་མི་རབས་གསར་བའི་ངག་སྒོ་ན།།
ཐབ་ཚང་གཅིག་གི་ཚོ་བའི་གོད་ཆག་ངུ་མ་རྒོད་དུ་གྱེར་མང༌།།
ནམ་མཁའི་རྒྱུ་སྐར་ཁོང་འདར་བྱེད་པའི་ལྷགས་རླུང་ནག་པོའི་བཙན་འཛུལ་རྒོད།།
ཟླ་དཀར་བུ་མོའི་མིག་ཆུའི་ཆབས་རྒྱུན་རྨ་ཀླུང་སྒེག་མོའི་རྒྱུན་དང་འདྲེས།།
ཤར་ཀྱི་རྒྱ་མཚོ་ལྗན་གྱིས་སྦགས་པས་ཆུ་སྐྱེས་ལྷ་མོའི་གྲགས་པ་ཉམས།།
རང་བྱུང་འཇིགས་པ་ཟློག་ཏུ་མེད་པ་དུས་ཀྱིས་བསྩལ་བའི་སྔོན་བརྡ་ཡིན།།
རེ་བའི་མིག་རྩ་སྟོང་བར་ལུས་པའི་དུས་ཀྱི་འབོད་པ་སྙིང་ལ་གཟན།།
མ་ཎི་འཁོར་ལོའི་འགྲོས་དང་མཉམ་པའི་མནོ་བསམ་རིང་མོའི་ཁུགས་སོ་ན།།
འཁོར་བའི་སྙིང་བོ་སྟོང་བར་སྒོམ་པའི་གཏམ་འདིའི་རིན་ཐང་སུ་ལ་བརྗོད།།
བདེན་རྫུན་གང་གིས་དབྱེ་འབྱེད་དཀའ་བའི་གནའ་བོའི་རིམས་ནད་ལྷག་མ་ཞིག།
གཏམ་འདིའི་རིན་ཐང་གོ་བ་བྱུང་ན་ཚེ་རབས་སྟོང་གི་སྐྱོ་ངལ་ཡིན།།
ལག་ལེན་གསེར་ཐག་སྨག་ལ་འཇམས་པའི་མི་ལོ་དུ་མའི་ཕམ་ཉེས་ཡིན།།
མགོན་གྱི་ལྷ་དང་སྐྱོབ་པའི་གྲོགས་ལ་ཨ་ལན་སློག་པའི་གསལ་བརྡ་ཡིན།།
རེ་བའི་ལང་ཚོ་སད་ཀྱིས་བཅོམས་པའི་གཞིས་ཚང་གཅིག་གི་སྨྲེང་མགུར་ཡིན།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལང་ཚོའི་རྒྱང་འབོད།

2010-11-03 ཏཱ་ནི་སྨྱུ་གུ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།