ང་རང་བྱིས་པ་གཅེར་བུ་དེ་ལ་དགའ།
ཁོའི་མིང་ལ་ཅི་ཟེར་མི་འདྲི་རོགས
ཁོའི་མིག་གཉིས་ནི་འཚོལ་སྙེག་གི་ཆུ་ཡིས་མཛེས་ལ
ཡིད་སེམས་འཚར་སྣང་གི་འཇའ་ཡིས་བཀླུབས
ཁྱོད་ཀྱི་སྐད་ཆའི་འཐབ་ར་རུ་ཁོ་རང་མེད
ཁྱོད་ཀྱི་འཆར་གཞིའི་ལྕགས་དྲ་རུའང་ཁོ་རང་མེད
ཁོ་སུ་དང་གང་ལ་མ་གཏོགས་བར་དུ
ཁོ་སུ་དང་གང་གིས་མ་བཅུམས་བར་དུ
ང་ཁོ་ལ་དགའ
ང་རང་བྱིས་པ་གཅེར་བུ་དེ་ལ་དགའ
རྩོམ་ཁུངས། ངེད་དྲ་བ།