འཆི་བ།༼ཁག་གཉིས་པ༽
ས་ཆུ་མེ་རླུང་གིས་གྲུབ་པའི་གཞོང་བ་ཆེན་པོ་འདི
ཁྱོད་ཀྱི་རྩམ་པ་རྫི་བྱེད་ཀྱི་ཕོར་བ་དངུལ་ཤན་མ་དེ་མིན་ན
ངའི་རི་ཆུའི་མཛེས་སྡུག་དང་མེ་ཏོག་གི་འདབ་མ་དག་འདི་ལྟར་མནོག་དོན་ཅི་ལ་ཡོད
གནམ་གྱི་སྤྲིན་པ་དེའི་འགྱུ་སྟངས་ཁྲོད་ནུར་བའི་མེ་མདག་དེས
བཀའ་བསྟན་གྱི་བླགས་ཤིང་མེ་ལ་སྒྲོན་པའི་ཚེ་ན
ཡབ་མེས་ཀྱི་ཞབས་རྗེས་ཐལ་གྱིས་མནན་པའི་དུས་ན
དར་ལྕོག་དང་རླུང་རྟའི་ཚོགས་ནི་ངུ་ཤུམ་རྒྱག་སྤྱད་ཀྱི་མིད་ཐག་རུལ་བ་ཞིག་གོ
སྦྲ་ནག་གི་རྣམ་ཤེས་ལ་ཆག་གྲུམ་ཐེབས་པའི་ཤུལ་ཏུ
འབྲོག་གཡག་གི་རྭ་ཅོ་རྨང་ནས་གཏུབ་པའི་འོ་དོད་སྐྱེས་ཤིང་
རི་ཆེན་གྱི་ཐོང་ག་རྐང་པས་བརྫིས་པའི་ན་ཟུག་འཕྱུར་བྱུང
ཨ ངའི་མེས་པོའི་རྨི་ལམ་རྨི་སའི་མལ་ས་དྲོན་མོ་འདི
ངའི་མེས་པོའི་དབུགས་ཀྱི་རྒྱུ་བ་འཐིམས་སའི་མལ་ཐུལ་འཇམ་པོ་འདི
ནམ་ཡང་རློན་ཤ་ཡལ་མ་མྱོང་བའི་རླབས་ཆེན་གྱི་ཡིག་འབྲུ་བརྗིད་པོ་དག
ནམ་ཡང་དཀར་མདངས་མནོག་མ་མྱོང་བའི་སྙིང་ཉེ་བའི་བར་ཚེག་འོད་ཆེན་དག
ཉི་ཟླའི་གཤོག་འོག་ཏུ་སྦྲུམ་པའི་ངའི་ཚེ་སྲོག་གི་དྭངས་མ་དེ་ཡིན་ན
རི་ཆེན་ཀྱི་རྩེ་མོ་དག་འདི་ལྟར་རྣོ་ཞིང་གཟེངས་པའང་རྟེན་འབྲེལ་ཙམ་ཞིག་ཡིན་མི་སྲིད་ཨང་
ད་ལྟ བྱིན་རླབས་ཀྱི་ཚན་ཁ་དྲག་ཏུ་འབར་བའི་ངའི་ཉི་ཟླ་དང་འཕགས་ནོར་ལྟ་བུ་འདི
དེ་མ་དེ་མུར་ངའི་བླ་དང་སྲོག་གི་གཏིང་རིམ་ཏུ་མི་སྦ་བ་ཡིན་ན
ཆར་ཐིགས་ཀྱི་ལས་དབང་དང་ཁ་བའི་རྨི་ལམ་གྱིས
ང་ཚོར་འཇིག་རྟེན་འདིའི་སླུ་བྲིད་ཁོ་ན་འཁྲབ་སྟོན་བགྱི་བཞིན་པ་མིན་ནམ
ཨ ངའི་མེས་པོའི་བློ་གྲོས་ཀྱི་དྭངས་མ་འཁྱིལ་སའི་ས་ཆེན་འདིའི་ཡ་ཆུང་ཡ
ངའི་མེས་པོའི་དཔའ་མཛངས་ཀྱི་རལ་གྲི་གདེང་སའི་ནམ་མཁའ་འདིའི་བྲང་གཞུང་ཡ
ངའི་བླ་རི་ཉུལ་བའི་ རྗེས་ན ངའི་བླ་མཚོ་བསྐམས་པའི་ཤུལ་ན
དོན་དངོས་སུ་ང་ལ་ཅི་ཞིག་ལྷག་ཨང་
༢༠༡༠.༡༠.༢༣

རྩོམ་ཁུངས། ངེད་དྲ་བ།