དགོད་སྟངས་ལ་བལྟས་པ།

       དགོད་སྟངས་དང་པོ།
སྣེ་བསྣར་བྱུང  མགོ་འཕྲུག་བྱུང
སྒྱིད་པ་ཅུང་ཟད་གུག་གུག་གིས  ཡར་ལ་ལྟ་བ་ལྟར
རང་ཉིད་ཀྱང་མལ་གདན་བཞིན་བཏིང་སོང་བ་འདྲ
ད་དུང  ཚིག་གྲུབ་ཅིག་འཁྱོལ་ལ་མ་འཁྱོལ་དུ
ཆུ་བོ་བཞིན་བཞུར་ན་བསམ་གྱིན་ཡོད་ཚོད་རེད
ཁྱོད     དངོས་གནས་སྐྲག་གིན་ཡོད་དམ
   དགོད་སྟངས་གཉིས་པ།
ཕོ་བ་ལྷུག་ལྷུག་ཏུ  ངོ་གདོང་དམར་ཤིག་ཤིག
རྩ་ལམ་རེ་རེ་བཞིན་བརྒྱུད་དེ  ཤུགས་ཀྱིས་སྤར་བྱུང
ཐད་ཀར་ལྟ་བུའི་སྣང་ཚུལ་ཞིག་དང་ཀུན་ནས་མཚུངས་པས
བདེ་ཐང་རེད   བདེ་ཐང་རེད
   དགོད་སྟངས་གསུམ་པ།
སོ་དེ་བསྟན་བྱུང  སྐྱི་མོ་ཡང་འགུལ་བྱུང
ལག་གི་ཕྲེང་ཐག་དེ་གཅོད་ལ་ཁད་བྱེད་བཞིན་པ་དེས
ནང་དོན་གཞན་ཞིག་གི་མངའ་འོག་ནས
ཆེས་ཐག་ཉེ་ནས་མུན་ནག་གིས་འདེད་བཞིན་པ་འདྲ
ལྷོད་ལྷོད་བྱོས  རྐུབ་སྟེགས་དེ་དག་ལས་ཅི་ཞིག་བྱུང་བ་རེད
   དགོད་སྟངས་བཞི་བ།
བྲང་འོག་གི་གནས་བབ་ལ་ཞིབ་འཇུག་ཟེར་བ་ཞིག་གོ་མྱོང་ངམ
མགོ་བོ་ཅི་ཙམ་རྒྱབ་གཞུང་དང་ཉེ་ན  རྩ་དོན་ཞིག་ཡིན་སྙམ
སྐད་སྒྲ་ཆེན་པོ་དེ   ནམ་མཁའ་དང་བར་སྣང་གིི་རེད
མི་ཚོགས་ཟེར་བ་ཡང  དངོས་གནས་ཁྱོད་དང་འབྲེལ་བ་ཡོད་དམ
   དགོད་སྟངས་ལྔ་བ།
ཕྲ་ཞིང་འཚེར་བ་དེས  རྨི་ལམ་ཡང་ཡང་གཤགས
དེ་ལྟར་ཉིན་ཐོ་འབྲི་བྱེད་ཀྱི་སྣག་ཚ་ཡང་དམར་པོར་གྱུར
གསལ་ཞིང་རྣོ་བ་དེས  ཡང་ཡང་ཕུག་པའི་བུ་ག་རེ་རེ
ཁྱོད་ཀྱི་བྱུ་རུའི་སྐེ་རྒྱན་ཡིན་ནམ
ཁྱོད་ཀྱི་ཙན་དན་ཕྲེང་བ་ཡིན་ནམ
   དགོད་སྟངས་དྲུག་པ།
སྐྲ་ལོ་རྒྱབ་ཕྱོགས་སུ་འཕེན་ཞོར་དུ
ངག་དེ་ཚིག་འབྲུ་གཅིག་ཀྱང་མེད་པར་ཤུགས་ཆེར་འཁྲོལ་ཏེ་བུད་སོང
ཤུལ་དུ་ལྷག་པའི་གད་སྙིགས་དེ  ང་ཡིན་པ་འདྲ
ཆེས་ལྗིད་ཏིག་ཏིག་ངང  དེ་ལྟར་བསམ
   དགོད་སྟངས་བདུན་པ།
སྣ་ནང་ནས་དབུགས་དེ  མཐོ་དམན་རན་པ་ཞིག་ཐོལ་གྱིས་ཐོལ་གྱིས་བྱུང་བས
བདག་ལ་ཡིག་ལན་ཞིག་སྤྲད་ཟིན་པར་ངོས་བཟུང་ཚར་ཡོད
དེའི་ཁྲོད་དུ་གླུ་དབྱངས་ཤིག་ཉལ་ཡོད་པ་ཡང་ཤེས་ཡོད
   དགོད་སྟངས་བརྒྱད་པ།
མིག་ཡ་གཅིག་བརྡེབས་ཏེ  གཞི་ནས་ཧ་ཧ་ཟེར
མཚམས་སྤྲིན་ལྟ་བུའི་སྣང་ཚུལ་དེ་ཡང
གཞའ་མ་ཐུབ་པའི་འབྲས་བུ་ཞིག་ཡིན་ནའང
ཅི་སྐྱོན  ཅི་སྐྱོན   བདག་གིས་ཅིི་ཡང་བཟུང་ཟིན་པ
ཐ་ན་སྐད་ཅིག་མ་ཞིག་གིས་ཀྱང  བདེན་དཔང་བྱ་ངེས
                               ༢༠༡༡ ༢ ༩ ལ་བྲིས།
 
རྩོམ་ཁུངས། འདྲེ་མེ་འབུད་ཀྱི་ཟིན་བྲིས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དགོད་སྟངས་ལ་བལྟས་པ།

2011-02-19 འདྲེ་མེ་འབུད། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།