འོད་ཟེར་གྱི་བརྩེ་བ།

རྒྱ་མཚོ་གཡོ་བའི་རླབས་ཀྱི་འཕྲེང་།།
ཉི་ཟེར་བྲང་ལ་རྡེག་པ་ནི།།
ངང་དཀར་མྱོས་པའི་རྣམ་འགྱུར་ལ།།
བརྩེ་བའི་སྙན་ངག་འབྲི་བ་བཞིན།།
 
ཤང་ཤང་འབབ་པའི་ཆུ་བོ་མ།།
གནམ་གྱི་སྐས་ལ་འབབ་པ་བཞིན།།
ཟླ་གཟུགས་ཁུར་བའི་ཉམས་དང་བཅས།།
རང་གི་དགའ་མ་འཚོལ་བཞིན་རྒྱུག།
 
དུངས་པའི་རི་མོ་མ་རྙིང་ཞིང་།།
འཕྲད་པའི་ལོ་ཟླ་མ་ཟད་པའི།།
ཏིང་འཛིན་དམིགས་པའི་དཀྱིལ་འཁོར་ན།།
སྤེན་མའི་དབུ་ལ་མེ་ཏོག་ཆགས།།
 
ཞོགས་པའི་སྡོང་རྩེར་ལྷུང་བ་ཡི།།
ཟིལ་ཐིགས་ཡོམ་པའི་མཛེས་སྣང་གིས།།
ཡིད་ཀྱི་སྨུག་སྤྲིན་བསང་བའི་ཚེ།།
ནང་གི་དོ་ཧ་མགུར་དུ་གྱེར།།
 
སེམས་ཀྱི་རི་དྭགས་འཛིན་པ་ལ།།
ཁྱེད་ཀྱི་མགུལ་དུ་གསེར་ཞགས་འཆིང་།།
མིག་ནི་རྒྱ་མཚོར་ལྷུང་བའི་དུས།།
ལག་པའི་ཕྱག་རྒྱ་ཡང་ཡང་བྱས།།
 
འགྱུ་འགག་གནས་སྟོང་བྲལ་བའི་སེམས།།
འོད་ཟེར་རླུང་གི་རྟ་ལ་བཅིབས།།
ཤེས་རབ་ཟངས་ཀྱི་མེ་ལོང་ལས།།
ཁྱེད་ལ་འཚོ་བའི་སྙན་ངག་བྲིས།།
 
ཡིད་ཀྱི་རེ་འབྲས་སྟོང་གི་ཁུར།།
དངུལ་གདུབ་སིལ་སྒྲའི་རོལ་མོར་དཀྲོལ།།
གྱ་གྱུའི་གློག་གི་འཁྱུག་གེར་ལ།།
རིང་ནས་ཞེད་ཅིང་གྱེས་པར་བརྩོན།།
 
རྩེ་བའི་རྒྱུན་གྱི་མུ་ཏི་ཀ།
སོར་མོ་རྩེ་ན་ཡུལ་དུ་ལོག།
ཞེན་པའི་དར་མདུད་འཕར་བའི་གླུ།།
འཆི་བདག་ནག་པོའི་དྲུང་ནས་བླངས།།
 

རྩོམ་ཁུངས། ལྷམ་ཀོག་གི་ཟིན་བྲིས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འོད་ཟེར་གྱི་བརྩེ་བ།

2011-02-18 ལྷམ་ཀོག ཀློག་གྲངས། མཆན ཡོད།

རྒྱ་མཚོ་གཡོ་བའི་རླབས་ཀྱི་འཕྲེང་།།
ཉི་ཟེར་བྲང་ལ་རྡེག་པ་ནི།།
ངང་དཀར་མྱོས་པའི་རྣམ་འགྱུར་ལ།།
བརྩེ་བའི་སྙན་ངག་འབྲི་བ་བཞིན།།
 
ཤང་ཤང་འབབ་པའི་ཆུ་བོ་མ།།
གནམ་གྱི་སྐས་ལ་འབབ་པ་བཞིན།།
ཟླ་གཟུགས་ཁུར་བའི་ཉམས་དང་བཅས།།
རང་གི་དགའ་མ་འཚོལ་བཞིན་རྒྱུག།
 
དུངས་པའི་རི་མོ་མ་རྙིང་ཞིང་།།
འཕྲད་པའི་ལོ་ཟླ་མ་ཟད་པའི།།
ཏིང་འཛིན་དམིགས་པའི་དཀྱིལ་འཁོར་ན།།
སྤེན་མའི་དབུ་ལ་མེ་ཏོག་ཆགས།།
 
ཞོགས་པའི་སྡོང་རྩེར་ལྷུང་བ་ཡི།།
ཟིལ་ཐིགས་ཡོམ་པའི་མཛེས་སྣང་གིས།།
ཡིད་ཀྱི་སྨུག་སྤྲིན་བསང་བའི་ཚེ།།
ནང་གི་དོ་ཧ་མགུར་དུ་གྱེར།།
 
སེམས་ཀྱི་རི་དྭགས་འཛིན་པ་ལ།།
ཁྱེད་ཀྱི་མགུལ་དུ་གསེར་ཞགས་འཆིང་།།
མིག་ནི་རྒྱ་མཚོར་ལྷུང་བའི་དུས།།
ལག་པའི་ཕྱག་རྒྱ་ཡང་ཡང་བྱས།།
 
འགྱུ་འགག་གནས་སྟོང་བྲལ་བའི་སེམས།།
འོད་ཟེར་རླུང་གི་རྟ་ལ་བཅིབས།།
ཤེས་རབ་ཟངས་ཀྱི་མེ་ལོང་ལས།།
ཁྱེད་ལ་འཚོ་བའི་སྙན་ངག་བྲིས།།
 
ཡིད་ཀྱི་རེ་འབྲས་སྟོང་གི་ཁུར།།
དངུལ་གདུབ་སིལ་སྒྲའི་རོལ་མོར་དཀྲོལ།།
གྱ་གྱུའི་གློག་གི་འཁྱུག་གེར་ལ།།
རིང་ནས་ཞེད་ཅིང་གྱེས་པར་བརྩོན།།
 
རྩེ་བའི་རྒྱུན་གྱི་མུ་ཏི་ཀ།
སོར་མོ་རྩེ་ན་ཡུལ་དུ་ལོག།
ཞེན་པའི་དར་མདུད་འཕར་བའི་གླུ།།
འཆི་བདག་ནག་པོའི་དྲུང་ནས་བླངས།།
 

རྩོམ་ཁུངས། ལྷམ་ཀོག་གི་ཟིན་བྲིས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།