མགོ་དཀྲིས་དམར་པོ་དྲན་པ།

གླིང་བུ།༼མཚོ་ཤར༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-02-18

                                                    ______ཞིང་གྲོང་གི་ཨ་ཅེ་གཉིས་ལ།
དཔྱིད་འགོ་མའི་བསིལ་རླུང་དང་བསྡོངས་ནས
ཁྱོད་རང་སླར་ཡང་ཞིང་ཚིགས་ཀྱི་རྣང་མའི་བར་ནས་མངོན་ཆུང་གིས་འཛུམ་ཏེ
སེམས་མདུན་དྲོན་མོ་ལུད་ཕུང་གི་རྡུལ་འཚུབ་ཀློང་ལ་བཏབ་ཅིང་
ས་བོན་དང་ལྷན་དུ་སྦས་བའི་གསང་བ་ལྗང་མདོག་ཅན་གང་མང་
ཁྱོད་ཀྱི་བློ་ཁོག་ཡངས་མོར་སུ་ཞིག་གིས་ཆེད་དུ་མ་བྲིས་པར་འོད་མདངས་ལམ་ལམ་བཀྲ
 
ཉིན་གུང་གི་ཚ་ཟེར་འོག་ཏུ་མེ་ཏོག་བཞིན་མཛེས་པའི་མགོ་དཀྲིས་དམར་པོ་དེ་དཀྲིས་ཏེ་
ཡུག་ལྡུམ་ཕོན་པོ་ཞིག་མཆན་ལ་བཙིར་ཅིང་ཡར་དགྱེ་མར་སྒུར་གྱི་སྟངས་སྟབས་བར་ནས
བློ་ངོར་བཀལ་བའི་སྐྱེས་པ་སུ་ཞིག་གི་ཡིད་འོང་གི་ཉམས་འགྱུར་མཐའ་དག་དར་ཅིག་དྲན་ཞོར
ཁུ་བྱུག་ལས་ཀྱང་སྙན་པའི་ལ་གཞས་ཚན་པ་ཞིག་ལྗང་མྱུག་གི་སྐྱེ་སྟོབས་དང་མཉམ་དུ་བརྫིས
 
སྙེ་མའི་རླབས་རིས་གཡོ་བའི་ངོགས་སུ་ཚགས་ཡངས་ཀྱིས་འགྲེངས་ཏེ
གྲོ་ཤོག་རེ་རེ་རྣང་མའི་ངོས་སུ་འགྱིག་རྡེའུ་ལྟར་བསྒྲིགས་ཤིང་
སྟོན་རླུང་གིས་སྒུལ་ཕོད་ལ་མ་ཕོད་པའི་མགོ་དཀྲིས་དམར་པོའི་འོག་ཏུ
ཡུལ་སིལ་གྱི་དམར་མདངས་ལ་འཁུ་བའི་འཛུམ་ཀོང་མཉེན་མོའི་བར་ནས
ད་དུང་ཆད་སྣང་དབེན་པའི་དགོད་སྒྲ་རིང་མོ་ཞིག་ཞིང་གྲོང་གི་མཁའ་དབྱིངས་སུ་བཀྱགས
 
ཁྱིམ་ལས་ཙག་ཙིག་གི་དཀའ་སྡུག་ཁྲོད་དུ་ནར་སོན་པ་ནས
ཞིང་གྲོང་གི་རྣང་མ་ཁོ་ན་ཁྱོད་ཀྱི་རེ་སྨོན་ཀྱི་མཁའ་དབྱིངས་སུ་བཟོས་པ་ལྟར
དུས་བཞིའི་གོ་རིམ་ཧྲིལ་བོར་རྣང་མ་དང་མཉམ་དུ་བསྡད་དེ
ཁྱོད་ཀྱི་དབྱར་དགུན་སྟོན་དཔྱིད་ཀྱི་ཐོབ་ཤོར་ཡོད་ཚད
རྣང་མའི་ངོས་དང་མགོ་དཀྲིས་དམར་པོའི་ལྟེབས་ཁུགས་སུ་གསང་བ་བཞིན་སྦས་ཡོད་ཨང་
 
ད་ལྟ་རྟ་གོང་གི་བག་ངུ་དང་ལྷན་དུ་གནས་ཡུལ་རིང་མོ་མིག་ཆུས་བྲིས་ཤིང་
མཚན་ནུབ་ཀྱི་སྐར་མདའ་བཞིན་ཡལ་བའི་མགོ་དཀྲིས་དམར་པོ་དེ
ངའི་འོད་ལམ་ལམ་གྱི་མིག་མདངས་ཁྲོད་དམར་པོ་ནས་ནག་པོར་འགྱུར་དུས
ངས་ཞིང་གྲོང་གི་ནམ་མཁའ་གཤགས་པའི་སྨྲེང་བའི་རི་གླུ་ཞིག་ལེན་བཞིན
རྣང་མ་ལྟར་ཁོད་ཡངས་པའི་ཁྱོད་ཀྱི་སེམས་ལྗོངས་མྱུལ་གྱིན་ཡོད
མགོ་དཀྲིས་དམར་པོ་ཅན་གྱི་ཨ་ཅེ་ལགས་་་་
                                          ༢༠༡༡  ༢  ༡༢ཀྱི་མཚན་ལ་ཕ་ཡུལ་གླིང་ཚ་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མགོ་དཀྲིས་དམར་པོ་དྲན་པ།

2011-02-18 གླིང་བུ།༼མཚོ་ཤར༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།