སྲོད་ལ་བླངས་པའི་གླུ་གཞས་དམར་པོ།

གླིང་བུ།༼མཚོ་ཤར༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-02-12

 

ས་སྲོད་འདི་སུས་ཀྱང་རྟོགས་མི་སྲིད་པའི་གསང་བ་ཞིག་ཡིན་ན
ང་ཁོ་ནས་སྲོད་འདིའི་ངོ་གདོང་ནག་པོ་གྱོན་ནས
ཉིན་ནས་མཚན་བརྩེགས་ཤིང་ལོ་ནས་ཟླ་མཐུད་དེ
ཧ་ཅང་རྒྱང་ཐག་རིང་བའི     ང་དང་རྒྱང་ཐག་རིང་བའི
རི་རབ་འགུལ་བའི་གཏམ་རྒྱུད་དང
མཚོ་མོ་བྲུག་པའི་སྐྱོ་གླུ་དེར་ཡང་ཉན་དོན་མི་འདུག
 
མུན་པ་ནག་པོ་ཞིག་ག་སར་གཏིབས་ཤིང་འོངས་ཏེ
ང་དང་ངའི་ཡོད་ཚད་ལ་ཚ་འདྲི་མང་བོ་བཏང་རྗེས་ཀྱི་སྐད་ཅིག་མར
ངའི་ཁྲག་རྩའི་སྦུབས་སུ་ལྷོག་ལྷོག་འཁོལ་གྱིན་པ་མཐའ་དག་ཀྱང་
ས་སྲོད་ཀྱི་མུན་པ་དང་ལྷན་དུ་རྒྱང་ལ་བཞུར
ས་སྲོད་ཀྱི་མུན་པ་དང་ལྷན་དུ་མོག་པོར་གྱུར
 
ས་སྲོད་ཀྱི་མི་རྣམས་ལ་མཚོན་ན
འུག་པ་གྲག་པ་དང་ཝ་མོ་བརྒྱལ་བ
སྒོ་ཁྱི་ཟུག་པ་བཅས་ནི་འཇིགས་འོས་པ་ཞིག་སྟེ
ནམ་ཞིག་ལ་ལྷིང་འཇགས་ཀྱི་ས་སྲོད་འདི
འུར་ཟིང་གིས་དཀྲོགས་པར་འཇིགས་སྔངས་སྐྱེས་བཞིན་ཡོད
 
ས་སྲོད་འདི་ས་སྲོད་བཞིན་མུན་པ་ཕྱོགས་བཞི་ནས་འཚང་འོངས་དུས
ཁང་རྙིང་སྐྱ་བོ་ཞིག་ནས་ཅ་ལག་བཞིན་བསྡད་དེ
ས་སྲོད་དང་འགྲོགས་ནས་གླིང་བུ་ཁེར་འབུད་བྱེད་མཁན་དེ
ཕྲག་ལ་རྡོག་ཁྲེས་ལྕི་མོ་འཁུར་བའི་གཞས་པ་དེ་ཡིན་འདུག
སྨྱུ་གུ་ཐོགས་པའི་གཞས་པ་ཁེར་འགྲོ་དེ་ཡིན་འདུག
 
གཞས་ཆུང་དེས་སྲོད་ཀྱི་སྨག་རུམ་འཁུར་ནས
ར་སྐོར་དང་སྲང་ལམ་རེ་རེ་བརྒྱུད་དེ
སྒོ་དང་སྒེའུ་ཁུང་རེ་རེ་བརྡུངས་ཀྱང་
སྒོར་འབུད་མཁན་དག་ནི་ལེ་བདའ་བྱེད་མཁན་འབའ་ཞིག་རེད
 
སྨྱུ་གུ་ཐོགས་པའི་གཞས་པ་དེས
ས་སྲོད་གང་མང་ཞིག་སྨྲེང་སེམས་ཀྱིས་བསྐྱལ་བཞིན
ཤ་རུས་ཀྱི་གསེང་ན་འཐོར་བའི་གླུ་སྐད་སྐྱ་བོ་ཞིག
ད་དུང་ན་ཟུག་དང་ཨུ་ཚུགས་ཀྱིས་སྒྲོན་གྱིན་ཡོད
གཞས་པའི་མིང་ལ་གླིང་བུ་ཁེར་འབུད་ཟེར
གཞས་ཀྱི་མིང་ལ་གླུ་གཞས་དམར་པོ་ཟེར
                        ༢༠༡༡  ༡  ༤ཉིན་གྱི་སྲོད་ལ་སྟག་ལུང་ནས།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྲོད་ལ་བླངས་པའི་གླུ་གཞས་དམར་པོ།

2011-02-12 གླིང་བུ།༼མཚོ་ཤར༽ ཀློག་གྲངས། མཆན ཡོད།

 

ས་སྲོད་འདི་སུས་ཀྱང་རྟོགས་མི་སྲིད་པའི་གསང་བ་ཞིག་ཡིན་ན
ང་ཁོ་ནས་སྲོད་འདིའི་ངོ་གདོང་ནག་པོ་གྱོན་ནས
ཉིན་ནས་མཚན་བརྩེགས་ཤིང་ལོ་ནས་ཟླ་མཐུད་དེ
ཧ་ཅང་རྒྱང་ཐག་རིང་བའི     ང་དང་རྒྱང་ཐག་རིང་བའི
རི་རབ་འགུལ་བའི་གཏམ་རྒྱུད་དང
མཚོ་མོ་བྲུག་པའི་སྐྱོ་གླུ་དེར་ཡང་ཉན་དོན་མི་འདུག
 
མུན་པ་ནག་པོ་ཞིག་ག་སར་གཏིབས་ཤིང་འོངས་ཏེ
ང་དང་ངའི་ཡོད་ཚད་ལ་ཚ་འདྲི་མང་བོ་བཏང་རྗེས་ཀྱི་སྐད་ཅིག་མར
ངའི་ཁྲག་རྩའི་སྦུབས་སུ་ལྷོག་ལྷོག་འཁོལ་གྱིན་པ་མཐའ་དག་ཀྱང་
ས་སྲོད་ཀྱི་མུན་པ་དང་ལྷན་དུ་རྒྱང་ལ་བཞུར
ས་སྲོད་ཀྱི་མུན་པ་དང་ལྷན་དུ་མོག་པོར་གྱུར
 
ས་སྲོད་ཀྱི་མི་རྣམས་ལ་མཚོན་ན
འུག་པ་གྲག་པ་དང་ཝ་མོ་བརྒྱལ་བ
སྒོ་ཁྱི་ཟུག་པ་བཅས་ནི་འཇིགས་འོས་པ་ཞིག་སྟེ
ནམ་ཞིག་ལ་ལྷིང་འཇགས་ཀྱི་ས་སྲོད་འདི
འུར་ཟིང་གིས་དཀྲོགས་པར་འཇིགས་སྔངས་སྐྱེས་བཞིན་ཡོད
 
ས་སྲོད་འདི་ས་སྲོད་བཞིན་མུན་པ་ཕྱོགས་བཞི་ནས་འཚང་འོངས་དུས
ཁང་རྙིང་སྐྱ་བོ་ཞིག་ནས་ཅ་ལག་བཞིན་བསྡད་དེ
ས་སྲོད་དང་འགྲོགས་ནས་གླིང་བུ་ཁེར་འབུད་བྱེད་མཁན་དེ
ཕྲག་ལ་རྡོག་ཁྲེས་ལྕི་མོ་འཁུར་བའི་གཞས་པ་དེ་ཡིན་འདུག
སྨྱུ་གུ་ཐོགས་པའི་གཞས་པ་ཁེར་འགྲོ་དེ་ཡིན་འདུག
 
གཞས་ཆུང་དེས་སྲོད་ཀྱི་སྨག་རུམ་འཁུར་ནས
ར་སྐོར་དང་སྲང་ལམ་རེ་རེ་བརྒྱུད་དེ
སྒོ་དང་སྒེའུ་ཁུང་རེ་རེ་བརྡུངས་ཀྱང་
སྒོར་འབུད་མཁན་དག་ནི་ལེ་བདའ་བྱེད་མཁན་འབའ་ཞིག་རེད
 
སྨྱུ་གུ་ཐོགས་པའི་གཞས་པ་དེས
ས་སྲོད་གང་མང་ཞིག་སྨྲེང་སེམས་ཀྱིས་བསྐྱལ་བཞིན
ཤ་རུས་ཀྱི་གསེང་ན་འཐོར་བའི་གླུ་སྐད་སྐྱ་བོ་ཞིག
ད་དུང་ན་ཟུག་དང་ཨུ་ཚུགས་ཀྱིས་སྒྲོན་གྱིན་ཡོད
གཞས་པའི་མིང་ལ་གླིང་བུ་ཁེར་འབུད་ཟེར
གཞས་ཀྱི་མིང་ལ་གླུ་གཞས་དམར་པོ་ཟེར
                        ༢༠༡༡  ༡  ༤ཉིན་གྱི་སྲོད་ལ་སྟག་ལུང་ནས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།