ཁྱོད།

ལྷ་མོ་སྐྱིད།༼ཀླུ་ཆུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-02-12

 

ཁྱོད།  ངའི་འཚོ་བ་རེད༌། 
འཚོ་བ་འདི།  ངའི་ཚེ་སྲོག་གི་སྦྲུམ་ཁང་ཡིན།
ཁྱོད་ཐོབ་པའི་ཉི་མ་དེ་ནས།
ངའི་ལང་ཚོ་ལ་རྨི་ལམ་འཁོར་ཞིང༌།
ངའི་སེམས་ཀྱི་མཐའ་དག་ར་བཟི་བར་གྱུར༌།
ར་བཟི་བའི་དགོང་མོ་དེར།
ངའི་སྙིང་ཁར་ཁྱོད་ཀྱི་གཟུགས་རིས་འབྱར་བྱུང༌།
དུས་ཚིགས་དེ།
ངའི་བརྩེ་དུངས་ཀྱི་འཁྲུངས་སྐར་ཡིན།
བཀྲ་ཤིས་པའི་ཉིན་དེས།
ངའི་འཇིག་རྟེན་ལ།  བསམ་གྱིས་མི་ཁྱབ་པའི་སྤྲོ་སྣང་སྦྱིན།
འདི་ནི།  ངའི་ཡོད་ཚད་ཀྱི་འཚོ་བ་རེད།
ཁྱོད།  ཐོབ་འདོད་པ་དེ་ངའི་སེམས་ཁོངས་སུ།
འཁྲུལ་སྣང་དང་མངོན་སུམ་གྱི་ཁྲོད་ན།
གདམ་གསེས་འདི།  ལས་དབང་གིས་བདག་ལ་གནང་བའི་སེམས་ཀྱི་མཆོད་པ་ཡིན།
མཆོད་པ་འདི།  བརྩེ་དུང་གི་ཆེད་དུ་འབར་ཞིང༌།
འབར་དྲགས་པའི་མེ་ལྕེ་དེས།
ངའི་ཡིད་ཀྱི་གཞིས་ཁྱིམ་དྲོད་ལམ་ལམ།
དྲོད་ཁོལ་ལྡན་པའི་མལ་ས་འདི་ནས།
འཆི་དགོས་རུང་སྐྱོ་གདུང་མི་འདུག
ཁྱོད།  སེམས་པ་དང་སེམས་པའི་བར་ན།
བརྩེ་དུང་གི་བྲན་དུ་གྱུར་བའི་ངའི་རྣམ་ཤེས་ཡིན༌།
མེ་ཏོག་མང་བའི་སྐྱེད་ཚལ་འདི་རུ།
རྣམ་ཤེས།  སྦྲང་མ་འཁོར་འཁོར།
ཁྱོད་ཀྱི་རུས་རྐང་འབྲུ་བའི་གཤེད་མ་དེ་ང་རང་ཡིན་སོང༌།
འདི་འང་སེམས་ཀྱི་དུངས་པ་ཤུགས་དྲགས་ཕྱིར།
དགའ་བ་འདི།   ངོ་མ་སྨྱོ་ཆུ་དང་འདྲ།
ཚིམ་པ་མེད་པའི་སྨྱོ་ཆུ་འདི་ཡིས།
ཁྱོད་ཀྱི་རང་དབང་བཙོན་ལ་བཅུག་བྱུང༌།
ང་ཡི་དུངས་ཞེན་སྡུག་ལ་སྐུར།
ཁྱོད།  བདག་གི་སྙིང་ཁ་ན།
བརྐུས་རྫས་རྩ་ཆེན་ཞིག་དང་འདྲ་བར།
དུས་ནམ་ཞིག།  ངས་ཁྱོད་ཉིད།
བདག་གི་ལག་མཐིལ་ནས་ཤོར་བར་སེམས་ཚེགས་བྱ།
མིག་གིས་བལྟས་ན་གསལ་བོ་འདུག་རུང༌།
སེམས་ཀྱིས་ཉན་ན་ཕྲག་དོག་གིས་ཁྱེར་འགྲོ།
ཡིད་སེམས་གཉིས་ཀ་སེམས་ཚེགས་ཀྱི་བར་ན།
ཁྱོད་ཀྱིས་མཐོང་བ།  ང་རང་གཅིག་པུ་ཡིན་ན་སྙམ།
བསམ་བྱ་འདིས།  ཁྱོད་ཀྱི་འགྲོ་སྟངས་དེར་སུན་སྣང་བཟོས་ཤིང༌།
ང་ཡི་ཀུན་སྤྱོད་འདི་ལ་འཕྱ་དམོད་ཐེབས།
སེམས་ཀྱི་དྲན་ཚུལ་ནོར་འཁྲུལ་ཡིན་རུང༌།
བརྩེ་དུང་གི་མདུན་ན།
དྲང་བདེན་གྱི་བསམ་བློ།  ནང་ཡང་སྐམ་པོ་རེད་ཨང༌།
ངའི་མི་ཚེ་འདིར་མེད་ན་མི་ཆོག་པའི་ཁྱོད།
རྒྱ་མཚོ་བཞིན་གཏིང་ཟབ་ལ།
རི་རབ་ལྟར་ལྕི་དྲགས་པས།
གཉོམ་ཆུང་ཆུང་གི་སེམས་པ་འདི།
བརྩེ་དུང་གི་རྒྱལ་བོའི་མལ་གདན་དུ་གྱུར་ཞིང༌།
མཛེས་པའི་ལང་ཚོ་ཤོར་བའི་མེ་ཏོག་གི་ཞལ་རས།
སོམ་ཉི་དང་ཡིད་ཆེས་ཀྱི་པང་ཁ་ན།
སྐྱིད་པའི་ལོ་ཟླ༌།
བདག་གི་ཞེ་ཁྲག་འཐུང་བའི་སྲིན་མོ་དེ་ཡིན་སོང༌།
 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱོད།

2011-02-12 ལྷ་མོ་སྐྱིད།༼ཀླུ་ཆུ༽ ཀློག་གྲངས། མཆན ཡོད།

 

ཁྱོད།  ངའི་འཚོ་བ་རེད༌། 
འཚོ་བ་འདི།  ངའི་ཚེ་སྲོག་གི་སྦྲུམ་ཁང་ཡིན།
ཁྱོད་ཐོབ་པའི་ཉི་མ་དེ་ནས།
ངའི་ལང་ཚོ་ལ་རྨི་ལམ་འཁོར་ཞིང༌།
ངའི་སེམས་ཀྱི་མཐའ་དག་ར་བཟི་བར་གྱུར༌།
ར་བཟི་བའི་དགོང་མོ་དེར།
ངའི་སྙིང་ཁར་ཁྱོད་ཀྱི་གཟུགས་རིས་འབྱར་བྱུང༌།
དུས་ཚིགས་དེ།
ངའི་བརྩེ་དུངས་ཀྱི་འཁྲུངས་སྐར་ཡིན།
བཀྲ་ཤིས་པའི་ཉིན་དེས།
ངའི་འཇིག་རྟེན་ལ།  བསམ་གྱིས་མི་ཁྱབ་པའི་སྤྲོ་སྣང་སྦྱིན།
འདི་ནི།  ངའི་ཡོད་ཚད་ཀྱི་འཚོ་བ་རེད།
ཁྱོད།  ཐོབ་འདོད་པ་དེ་ངའི་སེམས་ཁོངས་སུ།
འཁྲུལ་སྣང་དང་མངོན་སུམ་གྱི་ཁྲོད་ན།
གདམ་གསེས་འདི།  ལས་དབང་གིས་བདག་ལ་གནང་བའི་སེམས་ཀྱི་མཆོད་པ་ཡིན།
མཆོད་པ་འདི།  བརྩེ་དུང་གི་ཆེད་དུ་འབར་ཞིང༌།
འབར་དྲགས་པའི་མེ་ལྕེ་དེས།
ངའི་ཡིད་ཀྱི་གཞིས་ཁྱིམ་དྲོད་ལམ་ལམ།
དྲོད་ཁོལ་ལྡན་པའི་མལ་ས་འདི་ནས།
འཆི་དགོས་རུང་སྐྱོ་གདུང་མི་འདུག
ཁྱོད།  སེམས་པ་དང་སེམས་པའི་བར་ན།
བརྩེ་དུང་གི་བྲན་དུ་གྱུར་བའི་ངའི་རྣམ་ཤེས་ཡིན༌།
མེ་ཏོག་མང་བའི་སྐྱེད་ཚལ་འདི་རུ།
རྣམ་ཤེས།  སྦྲང་མ་འཁོར་འཁོར།
ཁྱོད་ཀྱི་རུས་རྐང་འབྲུ་བའི་གཤེད་མ་དེ་ང་རང་ཡིན་སོང༌།
འདི་འང་སེམས་ཀྱི་དུངས་པ་ཤུགས་དྲགས་ཕྱིར།
དགའ་བ་འདི།   ངོ་མ་སྨྱོ་ཆུ་དང་འདྲ།
ཚིམ་པ་མེད་པའི་སྨྱོ་ཆུ་འདི་ཡིས།
ཁྱོད་ཀྱི་རང་དབང་བཙོན་ལ་བཅུག་བྱུང༌།
ང་ཡི་དུངས་ཞེན་སྡུག་ལ་སྐུར།
ཁྱོད།  བདག་གི་སྙིང་ཁ་ན།
བརྐུས་རྫས་རྩ་ཆེན་ཞིག་དང་འདྲ་བར།
དུས་ནམ་ཞིག།  ངས་ཁྱོད་ཉིད།
བདག་གི་ལག་མཐིལ་ནས་ཤོར་བར་སེམས་ཚེགས་བྱ།
མིག་གིས་བལྟས་ན་གསལ་བོ་འདུག་རུང༌།
སེམས་ཀྱིས་ཉན་ན་ཕྲག་དོག་གིས་ཁྱེར་འགྲོ།
ཡིད་སེམས་གཉིས་ཀ་སེམས་ཚེགས་ཀྱི་བར་ན།
ཁྱོད་ཀྱིས་མཐོང་བ།  ང་རང་གཅིག་པུ་ཡིན་ན་སྙམ།
བསམ་བྱ་འདིས།  ཁྱོད་ཀྱི་འགྲོ་སྟངས་དེར་སུན་སྣང་བཟོས་ཤིང༌།
ང་ཡི་ཀུན་སྤྱོད་འདི་ལ་འཕྱ་དམོད་ཐེབས།
སེམས་ཀྱི་དྲན་ཚུལ་ནོར་འཁྲུལ་ཡིན་རུང༌།
བརྩེ་དུང་གི་མདུན་ན།
དྲང་བདེན་གྱི་བསམ་བློ།  ནང་ཡང་སྐམ་པོ་རེད་ཨང༌།
ངའི་མི་ཚེ་འདིར་མེད་ན་མི་ཆོག་པའི་ཁྱོད།
རྒྱ་མཚོ་བཞིན་གཏིང་ཟབ་ལ།
རི་རབ་ལྟར་ལྕི་དྲགས་པས།
གཉོམ་ཆུང་ཆུང་གི་སེམས་པ་འདི།
བརྩེ་དུང་གི་རྒྱལ་བོའི་མལ་གདན་དུ་གྱུར་ཞིང༌།
མཛེས་པའི་ལང་ཚོ་ཤོར་བའི་མེ་ཏོག་གི་ཞལ་རས།
སོམ་ཉི་དང་ཡིད་ཆེས་ཀྱི་པང་ཁ་ན།
སྐྱིད་པའི་ལོ་ཟླ༌།
བདག་གི་ཞེ་ཁྲག་འཐུང་བའི་སྲིན་མོ་དེ་ཡིན་སོང༌།
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།