འཁྲེང་ཞེན་གྱི་སེམས་པ།

ཆོས་འཁོར་ཚེ་དཔག་སྐྱབས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-02-10

འཇིག་རྟེན་ཆུང་དྲགས་པས་ཡིན་ནམ།
བརྩེ་བ་གཏིང་ཟབ་པས་ཡིན།
ཉི་མ་ནུབ་རིར་ཡིབ་པའི་ས་སྲོད་རེ་རེར།
ཟླ་འོད་མག་མོག་ཤར་བའི་མཚན་མོ་རེ་རེར།
ཁྱེད་ཉིད་ཁོ་ན།   ངའི་རྨི་ལམ་དུ་འཁོར་ཞིང་དྲན་ཀློང་ན་རྒྱུ།

སྙིང་ཉེ་མ།     ངའི་སེམས་ཀྱི་ལྷ་མོ་ཡ _________
མཛའ་མཐུན་གྱི་མྱུ་གུ་ཡིད་དབུས་སུ་འབུས་འགོ་ཚུགས་དུས།
ཁྱེད་ཉིད་བསིལ་རླུང་གི་ཚུལ་གྱིས་ལྡང་ནས།
ཆགས་སྲེད་ཀྱི་ལོ་འདབ་གཡོ་བར་བྱས།
སྙིང་གཏམ་གྱི་སྦྲང་ཆར་ཤག་ཤག་ཏུ་འཇོ་བར་རྩོམ་དུས།
ཁྱེད་ཉིད་མེ་ཏོག་གི་ཟོལ་གྱིས་བཞད་ནས།
དུངས་ཞེན་ཀྱི་བུང་བ་བརྒྱལ་བར་བྱས།
རེ་བཞག་གི་ཁྲུང་ཁྲུང་ཐག་རིང་དུ་འཕུར་བར་བྲེལ་དུས།
ཁྱེད་ཉིད་སྡོང་ལོ་ཡི་ཚུལ་བཞིན་ཁུར་ནས།
སྐྱོ་གདུང་གི་སེམས་པ་གསོ་བར་བྱས།
ལས་དབང་གི་འཁྱགས་པས་ས་གཞི་ཡོངས་གཅུན་པར་བྱེད་དུས།
ཁྱེད་ཉིད་བུ་ཡུག་གི་རྣམ་པས་བབས་ནས།
འཁྲེང་ཞེན་གྱི་གར་སྟབས་ཡང་ཡང་བསྒྱུར།

སྙིང་ཉེ་མ།     ངའི་དུས་བཞིའི་ཁྲོད་ཀྱི་ལྷ་མོ ________
བརྩེ་བ་མེ་རི་བཞིན་ལྷོག་ལྷོག་ཏུ་འཕྱུར་ཡོང་དུས།
སེམས་གཏམ་ཆུ་བོ་བཞིན་ཤང་ཤང་དུ་བཞུར་ཡོང་དུས།
སྐད་ཆ་ནི་དགོས་མེད་ཀྱི་བེམ་རོ་ཞིག་དང་འདྲ།
མིག་ཆུ་དང་འཛུམ་མདངས་ཁོ་ན།   ངའི་བརྗོད་འདོད་པའི་སྐད་ཆ་དང༌།
ངས་ཁྱེད་ལ་བཅངས་པའི་བརྩེ་དུང་ཡིན་ཡ________

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཁྲེང་ཞེན་གྱི་སེམས་པ།

2011-02-10 ཆོས་འཁོར་ཚེ་དཔག་སྐྱབས། ཀློག་གྲངས། མཆན ཡོད།

འཇིག་རྟེན་ཆུང་དྲགས་པས་ཡིན་ནམ།
བརྩེ་བ་གཏིང་ཟབ་པས་ཡིན།
ཉི་མ་ནུབ་རིར་ཡིབ་པའི་ས་སྲོད་རེ་རེར།
ཟླ་འོད་མག་མོག་ཤར་བའི་མཚན་མོ་རེ་རེར།
ཁྱེད་ཉིད་ཁོ་ན།   ངའི་རྨི་ལམ་དུ་འཁོར་ཞིང་དྲན་ཀློང་ན་རྒྱུ།

སྙིང་ཉེ་མ།     ངའི་སེམས་ཀྱི་ལྷ་མོ་ཡ _________
མཛའ་མཐུན་གྱི་མྱུ་གུ་ཡིད་དབུས་སུ་འབུས་འགོ་ཚུགས་དུས།
ཁྱེད་ཉིད་བསིལ་རླུང་གི་ཚུལ་གྱིས་ལྡང་ནས།
ཆགས་སྲེད་ཀྱི་ལོ་འདབ་གཡོ་བར་བྱས།
སྙིང་གཏམ་གྱི་སྦྲང་ཆར་ཤག་ཤག་ཏུ་འཇོ་བར་རྩོམ་དུས།
ཁྱེད་ཉིད་མེ་ཏོག་གི་ཟོལ་གྱིས་བཞད་ནས།
དུངས་ཞེན་ཀྱི་བུང་བ་བརྒྱལ་བར་བྱས།
རེ་བཞག་གི་ཁྲུང་ཁྲུང་ཐག་རིང་དུ་འཕུར་བར་བྲེལ་དུས།
ཁྱེད་ཉིད་སྡོང་ལོ་ཡི་ཚུལ་བཞིན་ཁུར་ནས།
སྐྱོ་གདུང་གི་སེམས་པ་གསོ་བར་བྱས།
ལས་དབང་གི་འཁྱགས་པས་ས་གཞི་ཡོངས་གཅུན་པར་བྱེད་དུས།
ཁྱེད་ཉིད་བུ་ཡུག་གི་རྣམ་པས་བབས་ནས།
འཁྲེང་ཞེན་གྱི་གར་སྟབས་ཡང་ཡང་བསྒྱུར།

སྙིང་ཉེ་མ།     ངའི་དུས་བཞིའི་ཁྲོད་ཀྱི་ལྷ་མོ ________
བརྩེ་བ་མེ་རི་བཞིན་ལྷོག་ལྷོག་ཏུ་འཕྱུར་ཡོང་དུས།
སེམས་གཏམ་ཆུ་བོ་བཞིན་ཤང་ཤང་དུ་བཞུར་ཡོང་དུས།
སྐད་ཆ་ནི་དགོས་མེད་ཀྱི་བེམ་རོ་ཞིག་དང་འདྲ།
མིག་ཆུ་དང་འཛུམ་མདངས་ཁོ་ན།   ངའི་བརྗོད་འདོད་པའི་སྐད་ཆ་དང༌།
ངས་ཁྱེད་ལ་བཅངས་པའི་བརྩེ་དུང་ཡིན་ཡ________

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།