སེམས་ཀྱི་ལེའུ་བཅུ་རྐང་མ།

བདེ་ལ་བདེ་གྲུབ་ཐ་སྙད་ཡོད་དོ་མཐོན་པོའི་གྲས་སུ་མ་བརྫངས་བར། །
སྡུག་ལ་སྡུག་གི་ཞེད་སྣང་ལ་སོགས་སེམས་ཀྱི་གཡུལ་སར་མི་འཕངས་བར། །
སེམས་ཀྱི་ངོས་དང་ངག་གི་བརྗོད་པ་ཅིག་ཆར་དམ་དུ་འདུལ་བ་ནི། །
མཁའ་འགྲོའི་བརྡ་མིན་གྲུབ་ཐོབ་གླུ་མིན་ང་ཡི་ངག་གི་དུང་སྐད་ཡིན། །
 
ཐོལ་བྱུང་རིག་པ་ཀློངས་ནས་མ་བརྡོལ་གྲངས་རྩིས་ཙམ་ལ་རྨོངས་པ་གཅིག །
གནས་ལུགས་དོན་གྱི་རང་ས་མ་ཟིན་རྐུབ་གཡོན་གཞན་དུ་གཡར་བ་གཉིས། །
སྤྲུལ་བའི་ལོ་པན་བྱོན་པའི་རྒྱལ་སྲས་གངས་ཅན་བསྟན་འགྲོའི་མགོན་པོ་དག །
མྱུར་དུ་ཤོག་དང་དལ་འགོར་མ་བྱེད་འདི་ན་ཉག་པའི་གྲོས་ཤིག་གདའ། །
 
སྔ་རབས་དེབ་དམར་ད་རེས་མཐོང་ཐོས་མིག་མདུན་ཁོར་ཡུག་དོག་མོ་འདིར། །
བཙན་ཤུགས་དབང་སྟོབས་ཁེ་གྲགས་སོགས་ཀྱིས་ས་གཞི་ཡམ་ཡོམ་བྱེད་ན་ཡང་། །
གང་གིས་མ་ཐོས་གང་ཞིག་བོར་བའི་འཚུབ་ཆའི་སེམས་ཁ་སྒུལ་ཞོར་དུ། །
ད་ཆའི་བར་དུ་དེ་བཞིན་གནས་པ་སེམས་ནས་རང་གར་གཏོང་ཐུབ་བམ། །
 
མཐོན་པོའི་གཏམ་མིན་བཙན་པོའི་བཀའ་མིན་དོན་གྱི་གནས་ལུགས་གོར་མོ་འདི། །
སུ་དང་གང་གི་སེམས་དང་ལུས་ཀྱི་བར་གསང་བརྒྱུད་ནས་བཤེགས་པ་ན། །
མ་རུང་ཚིག་དང་ཀུ་ཅོ་སོགས་ཀྱང་དེ་ཡི་རྗེས་སར་འབྲངས་ནས་སུ། །
དོན་གྱི་སྐད་གདངས་ས་འཛིན་དབུ་རྩེར་དལ་གྱིས་འཁྱིལ་བར་རེ་བས་གཏམས། །
 
འཁོར་བའི་རི་དང་འཁོར་བའི་བདག་འཛིན་རྨངས་ནས་བཤིག་པར་འདོད་མཁན་གྱིས ། །
མཐུན་པའི་གཏམ་འཆད་དགའ་བའི་གླུ་ལེན་རང་སྐྱིད་ཁས་སུ་འཆེ་བ་འདི། །
ལྟ་མཛོད་མ་རེད་གྲུབ་སྟངས་མ་རེད་ལོག་ཏུ་འགྲེལ་ལོག་རྒྱག་མཁན་ཚོ། །
མ་སྐྲག་མ་འཇིགས་ང་ཡི་ཉེ་སར་མྱུར་དུ་ལོག་དང་ལྟ་ཚུལ་ལབ། །
 
ང་ལ་ཚིག་མདུང་ཀྱལ་ཀ་འཕེན་པའི་སྐྱེ་བོ་དག་ནས་ཞིབ་ཏུ་གསོན། །
ལྐོག་ཏུ་མ་ལབ་དངོས་འཕྲད་དུས་སུ་ཤར་དུ་བརྗོད་དང་ཨ་མའི་བུ། །
དེ་ནི་དོན་གྱི་འགྲོ་སྟངས་ཡིན་པས་གཞན་ལྟའི་གཏམ་ཞིག་འཆད་དུ་མེད། །
དེ་ནི་ང་ཡི་རེ་སྙེགས་ཡིན་པས་ཁྱེད་ལ་དགའ་བའི་དང་བསུ་བྱེད། །
 
སེམས་ཀྱི་ཟབ་སར་གསང་དུ་སྦས་པའི་ཚིག་གི་མཆོད་པ་དང་པོ་དང་། །
དངོས་སུ་ལབ་པའི་རྩོད་པའི་རྣམ་པ་མག་མ་མོག་གི་གནས་སྟངས་ལས། །
དོགས་འཆང་སྡང་སེམས་ཧད་པའི་འགྲོས་ཚུལ་ནར་མ་ནོར་གྱི་ངང་ཚུལ་འདི། །
མཆོག་ཏུ་བཀུར་དང་དམའ་སར་འཛིན་པར་དོགས་པའི་འཆང་རྒྱ་མི་དོག་གམ། །
 
ལ་ཁའི་སྤྲིན་པ་དལ་གྱིས་ཡལ་ཞིང་སེམས་ཀྱི་རྒྱུ་བ་ལྷོད་ཀྱིས་འགགས། །
ཚིག་མཚོན་མེ་ལྕེ་དྲག་ཏུ་མཆེད་ཞིང་ལྷིང་འཇགས་གནས་མལ་དེ་ལྟར་བསྲེག །
ཚིག་ལ་ཚིག་གི་འགལ་ཚུལ་མི་གླེང་སུས་ཀྱང་བརྡར་གཤིབ་བྱེད་ཚུལ་ཤེས། །
འགལ་ཟླའི་ཕུགས་ཀྱི་ནག་ངོ་མི་འབྱེད་དཀར་པོའི་རྟགས་ཤིག་ཐོན་ཐབས་དཀའ། །
 
ཨམ་གཙིགས་བསྡམས་ནས་བླུན་འདུག་མ་བྱེད་མདུན་བསྐྱོད་ལམ་ཤིག་འེ་ཡོད་ལྟོས། །
རྙིང་བ་གླེང་ནས་དུས་ཚོད་མ་བརླག་གསར་གླེང་གར་སྟེགས་འེ་མཐོང་ལྟོས། །
རྒྱང་འཕེན་དཀར་འདོན་བྱེད་སྟངས་དེ་ཡང་དགེ་བའི་ལས་ཤིག་ཡིན་པ་ལས། །
དེ་ཡི་སྟེང་ན་སྣོག་རྒྱུ་མེད་ལ་རྩོད་པའི་རིག་པ་དེ་བས་མེད། །
 
དྲ་རྒྱའི་བར་རིམ་ཉིན་མཚན་ཉུལ་ནས་ལྟོག་པས་ཟས་འཚོལ་བྱེད་ཚུལ་ལྟར། །
ཧ་དའི་གླུ་འགུགས་དགུང་ནས་གྱེར་ཚུལ་མཚར་པོ་ཙམ་ལ་མི་སྨྲེང་བར། །
སྒུར་སྒུལ་བྱེད་སྟངས་རྫིགས་པོ་ཙམ་གྱིས་གུས་པའི་ཞེ་འདུལ་མི་འཆོང་བས། །
དྲེད་པོ་ཞོགས་འོད་མི་བུ་དེ་ནས་རང་ཤག་སྐྱིད་པའི་གུར་ཁྱིམ་ནས། །
                      ༢༠༡༠ ༡༡ ༢༧ལ་མདོ་ཁམས་ས་ཡི་ཐིག་ལེ་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ཀྱི་ལེའུ་བཅུ་རྐང་མ།

2011-02-10 ཞོགས་འོད། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།