ཁ་བ་བབས་རྗེས།

 

ཁ་བ་བབས་ཐེངས་རེ་རེར
ལྕགས་ཐབ་ནང་མེ་ཡིད་ཚིམ་པ་ཞིག་སྒོང་མོད
སྒྱུ་འཕྲུལ་གྱིས་འཕུར་འོངས་བའི་ཙག་རླུང་གི་ཆོ་ངེས
རྨི་ལམ་དྲོན་པོ་ཞིག་རྨིས་བའི་སྐལ་བ་ཡོངས་སུ་དཀྲོགས་སོང
 
ཉིན་འདི་འགར   ལྷས་འདབས་ནས་རྐང་རྗེས་ཙམ་ཡང་མ་མཐོང་བས
བྲང་གཞོངས་ནས་མཆེད་པའི་སྐར་མདའ་དང
ཟླ་བའི་ལས་དབང་ལ་སེམས་གསོ་བྱེད་བཞིན
གོམ་སྒྲ་རྒྱུས་ཡོད་ཅིག་ལ་རེ་ཞིང་སྒུག་མོད
ངའི་སེམས་པ་ནི་ཁ་བ་བཞིན་འདར་སིག་སིག་བྱེད་དགོས་ཨང
 
དུས་ཀྱི་འགྱུར་ལྡོག་ཤིག་གིས
ཁོར་ཡུག་འདིའི་འཛུམ་མདངས་ཡོད་ཚད་ཁ་བས་གཡོགས་རྗེས
བདག་ཀྱང་ཁ་བ་ལྟར་ཉམ་ཆུང་གིས་ཞུ་མི་འགྲོ་ཨང་སྙམ་པའི་སེམས་ཚེགས་ཤིག་དང་ལྷན་དུ
ཉི་མ་གཞན་ཞིག་གི་འཆར་ནུབ་ལ་མནོ་བསམ་ཡང་ཡང་གཏོང་དགོས་བྱུང་།
 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་བ་བབས་རྗེས།

 

ཁ་བ་བབས་ཐེངས་རེ་རེར
ལྕགས་ཐབ་ནང་མེ་ཡིད་ཚིམ་པ་ཞིག་སྒོང་མོད
སྒྱུ་འཕྲུལ་གྱིས་འཕུར་འོངས་བའི་ཙག་རླུང་གི་ཆོ་ངེས
རྨི་ལམ་དྲོན་པོ་ཞིག་རྨིས་བའི་སྐལ་བ་ཡོངས་སུ་དཀྲོགས་སོང
 
ཉིན་འདི་འགར   ལྷས་འདབས་ནས་རྐང་རྗེས་ཙམ་ཡང་མ་མཐོང་བས
བྲང་གཞོངས་ནས་མཆེད་པའི་སྐར་མདའ་དང
ཟླ་བའི་ལས་དབང་ལ་སེམས་གསོ་བྱེད་བཞིན
གོམ་སྒྲ་རྒྱུས་ཡོད་ཅིག་ལ་རེ་ཞིང་སྒུག་མོད
ངའི་སེམས་པ་ནི་ཁ་བ་བཞིན་འདར་སིག་སིག་བྱེད་དགོས་ཨང
 
དུས་ཀྱི་འགྱུར་ལྡོག་ཤིག་གིས
ཁོར་ཡུག་འདིའི་འཛུམ་མདངས་ཡོད་ཚད་ཁ་བས་གཡོགས་རྗེས
བདག་ཀྱང་ཁ་བ་ལྟར་ཉམ་ཆུང་གིས་ཞུ་མི་འགྲོ་ཨང་སྙམ་པའི་སེམས་ཚེགས་ཤིག་དང་ལྷན་དུ
ཉི་མ་གཞན་ཞིག་གི་འཆར་ནུབ་ལ་མནོ་བསམ་ཡང་ཡང་གཏོང་དགོས་བྱུང་།
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།