ཁ་སང་ནི་དགོད་སྒྲ་ཞིག་རེད།

                    ------ཚེས་༢༧གྱི་མཚན་ཚོགས་དུས་སྟོན་ལ་ཕུལ་བའི་སྙན་ངག
ངའི་དྲན་འཛིན་གྱི་མཁའ་དབྱིངས་ན་འཕུར་བའི་གཤོག་ཐོག་ཚོ།
ངའི་སེམས་པའི་ཟབ་ས་རུ་ཐིམ་པའི་སྤུན་ཟླ་ཚོ།
ངའི་མིག་སྔུན་ན་འོད་དུ་འཚེར་བའི་མེ་ཏོག་ཚོ།
ངའི་བྲང་གཞུང་ན་གཟི་བརྗིད་ཀྱིས་བཞུགས་པའི་གྲོགས་པོ་ཚོ།
 
ལས་དབང་གིས།  འདི་ལྟར་ཁ་ལོ་སྒྱུར་གྱིན་སྒྱུར་གྱིན་དུ།
ང་ཚོ་གནས་འདི་ནས་ངོ་ཐུག་བྱུང་སོང་ལ།
བརྩེ་འདང་གིས།  འདི་ལྟར་སྐུལ་མ་གཏོང་གིན་གཏོང་གིན་དུ།
ང་ཚོ་ལ་ཁ་སང་ལྟ་བུའི་ལྷན་འཛོམས་ཀྱི་དུས་ཚོད་བྱིན།
 
སྤྱི་ཟླ་དང་པོའི་ཚེས༢༧ནི་དགོད་སྒྲ་ཞིག་ཡིན་ལ།
བརྩེ་འདང་གིས་བཞེངས་པའི་ཁང་བཟང་ཞིག་ཀྱང་རེད།
ཉིན་མོ་དེ་ནི་འུ་ཅག་གི་ཡིན་པར་མ་ཟད།
ཉིན་མོ་དེར་བདེ་སྐྱིད་རྐྱང་རྐྱང་ལས།
ཉིན་མོ་དེར་སྡུག་བསྔལ་ཞིག་གནས་ས་ཡེ་ནས་མེད།
 
བདེ་སྐྱིད་དེའི་ཆེད་དུ།
ཉིན་མོ་དེར་ང་ཚོ་ཅི་ཙམ་དགོད་མྱོང་ངམ།
ངས་དེ་རིང་འདི་ལྟར་ཞིབ་འདང་རེ་བཏང་ན།
ཉིན་མོ་དེ་ནི།  ངའི་སེམས་གསང་ནས་
ཡལ་མི་སྲིད་པའི་དུས་ཚོད་ཅིག་ཏུ་གཏན་ཁེལ་བྱས་ན་ཆོག
དགོད་སྒྲ་རེའི་སྣེ་མོ་ན། གླུ་དབྱངས་རེ་ཡོད་ཅིང་།
ཐལ་སྒྲ་རེའི་གོང་འོག་ནས་སྙན་ངག་རེ་དབྱངས་སུ་གྱེར།
 
དོན་ངོ་མར།  དུས་ཚོད་འདིས་ལྡོག་འགྲོས་ཐེངས་གཅིག་བྱས་ཆོག་ན།
ངས་ཁ་སང་གི་ཉིན་མོ་ལས་གཞན་འདམ་མི་སྲིད་ལ།
ཏག་ཏག་ང་ཁ་སང་ལ་ཕྱིར་འགྲོ་རྒྱུ་ཡིན་པར་མ་ཟད།
ངས་ཁ་སང་གི་དགོད་སྒྲ་ལ་ཡང་བསྐྱར་ཐེངས་གཅིག་ཉན་ན་འདོད།
 
ཉིན་མོ་དེར་ང་དང་ཁྱོད།
འུ་ཅག་རེ་རེའི་ངོ་གདོང་ན་ལྷད་མེད་པའི་སྤྲོ་འཛུམ་རེ་འདུག་ལ།
འུ་ཅག་རེ་རེའི་ངག་སྒོ་ན་གླུ་དབྱངས་དང་སྙན་ངག་འཕྱུར།
 
སྐབས་ལན་རེར། འུ་ཅག་གི་སྤྲོ་བ་རབ་ཏུ་རྒྱས་དྲགས་ཏེ།
བར་སྣང་ན་རྩེན་པའི་རྒོད་པོ་གཤོག་ཐོག་དང་འདྲ་བར།
ང་ཚོས་འཕུར་ལྡང་སྒྲིག་ཏེ་སྐྱོད་ཀྱིན་པའི་སྣང་བ་ལྟེར་ཞིང་།
མཚམས་ལན་རེར།
འདབ་བརྒྱ་ལྷུག་པར་གྲོལ་བའི་མེ་ཏོག་ཇི་བཞིན།
ང་ཚོ་གཡའ་དག་པའི་སྤང་ལྗོངས་ཡངས་མོ་་་་་་ཡངས་མོ་ཞིག་ཏུ།
མཛེས་སྡུག་གིས་བཞད་ཅིང་།  བསིལ་རླུང་གིས་སྐྱོད་འདུག་པའི་ཚོར་སྣང་ཡང་བྱུང་།
 
གྲོགས་པོ་ཚོ།  ཡང་བསྐྱར་ཕྱིར་འདང་ཞིག་ཐོངས་དང་།
ལྷན་འཛོམས་ཀྱི་དགོད་སྒྲ་དེ་དག་ནི།
ངས་དེ་རིང་ཡང་རྣ་བས་མངོན་སུམ་དུ་ཚོར་གྱིན་འདུག་ཅིང་།
བརྩེ་འདང་གི་འཛུམ་དཀར་དེ་དག་ནི། 
ད་ལྟ་ཡང་།  ད་དུང་ངའི་མིག་ལམ་དུ་གཏན་ནས་ཡལ་མེད།
 
དེ་ཡང་ལོས་ཡིན་ཏེ།
ཁྱེད་ཚོ་དེ་ལྟར་དགོད་ཀྱིན་འདུག་པས།
ངའི་སྐྱོ་སྣང་མཐའ་དག་ཕྱིར་ཡོང་མེད་པར་ཡེ་ནས་འགག་སོང་ལ།
ཁྱེད་ཚོ་དེ་ལྟར་སྤྲོ་བར་མཐོང་བས།
སྐབས་རེར་རང་ཉིད་ཀྱང་གཏིང་བརྗེད་དུ་གྱུར་ཏེ།
ངའི་སྒོ་གསུམ་ཧྲིལ་བོ་དུས་གཅིག་ཏུ་བཟི་སོང་།
 
སྤྲོ་སྣང་དེས་ཤུལ་དུ་བསྐྱུར་བ་ནི། ཡང་བསྐྱར་དྲན་གདུང་ཞིག་སྟེ།
ངས་དེ་དག་ཡིད་ལ་དྲན་གྱིན་དྲན་གྱིན་དུ། འདི་ལྟར་སྙན་ངག་འབྲི་བར་མོས།
འོན་ཀྱང་ངས་ད་དུང་བྲིས་ཚར་མེད།
ངས་ད་དུང་མང་པོ་མང་པོ་ཞིག་ཤོད་མེད།
 
ཨ།“ངའི་དུས་གསུམ་གྱི་བདག་པོ་ཡ”
གྲོགས་པོ་ཚོ།  ང་ཚོ་ཤེས་རིག་གི་བགྲོད་ལམ་ནས།
ཡང་བསྐྱར་འདི་ལྟར་འཛོམས་ཆོག་པར་ཤོག
ང་ཚོ་ཐོས་བརྩོན་གྱི་མཁའ་དབྱིངས་ནས།
ཡང་བསྐྱར་འདི་ལྟར་རྩེན་ཐུབ་པར་སྨོན།
 
      ཞེས་ན་མཉམ་གྲོགས་པོ་འགའ་འདུས་པའི་མཚན་ཚོགས་དུས་སྟོན་ཞིག་གི་སྟེང་དུ་ལེགས་སྐྱེས་ཀྱི་དོད་དུ་བོད་ཟླ༡༡པ་ཕྱི་མའི་ཚེས་༢༧གྱི་དགོང་མོར་ཕུལ་བ་འདིས་ཀྱང་ཐམས་ཅད་བཀྲ་ཤིས་པར་གྱུར་ཅིག

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།