ངས་འདི་ལྟར་བསམ།

ཀ་རུ་ཤར་རིག་འཛིན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-01-29

 

ང་རང་བྱམས་ལྡན་གྱི་ཕ་མ་ཞིག་ཡིན་ན།
ང་རང་གི་གཅེས་ཕྲུག་ཆུང་ཆུང་དེར།
བུམ་པ་གང་བྱོའི་ཚུལ་གྱིས།
ཤིན་ཏུ་ཕྱུག་པའི་ཕ་སྐད་ཀྱི་དྭངས་མ་དེ།
ནུ་མ་བཞིན་སྦྱིན་ན་སྙམ།
 
ང་རང་རིགས་ཞེན་གྱི་ཕྱུག་པའི་ཕ་མ་ཞིག་ཡིན་ན།
ང་རང་གི་གཅེས་ཕྲུག་ཡ་ང་པོ་དེར།
ཀྱག་ཀྱོག་མང་བའི་གངས་ཅན་པའི་ལོ་རྒྱུས་དེ།
ཕྱོགས་རིས་ཀྱི་དྲི་མས་མ་བརླན་པར།
གོ་རིམ་ངང་འཆད་ན་འདོད།
 
ང་རང་ཤེས་ལྡན་གྱི་ཕ་མ་ཞིག་ཡིན་ན།
རང་གི་གཅེས་ཕྲུག་གི་གམ་དུ།
དབྱངས་སོ་བཞིའི་མཛེས་སྡུག་གི་གླུ་དབྱངས་སྙན་མོ་དེ།
སྒྲ་སྦྱོར་གྱི་གོ་རིམ་མ་བཅོལ་བར།
གདངས་དབྱངས་དང་ལྷན་དུ་ཡང་ཡང་གྱེར་ན་སྙམ།
 
 ང་རང་ཡ་རབས་ལ་དགའ་བའི་ཕ་མ་ཞིག་ཡིན་ན།
ང་རང་གི་བུ་ཕྲུག་གི་རྒྱུད་ལ།
ཡ་མེས་ནས་བརྒྱུད་ཡོང་བའི་གངས་ཅན་པའི་སྤྱོད་བཟང་དེ་དག
རིན་བྲལ་གྱི་ནོར་བུ་བཞིན་དུ།
ཆགས་གྲུམ་མེད་པར་ལག་ཏུ་སྦྱིན་ན་སྙམ།
 
ང་རང་འབྱོར་ལྡན་གྱི་ཕ་མ་ཞིག་ན།
ང་རང་གི་གཅེས་པའི་བུ་ཕྲུག་དེར།
གནའ་དེང་གི་མཁས་དབང་དེ་དག་གི།
མན་ངག་གི་བདུད་རྩི་སྐྱུག་པའི་དཔེ་དེབ་དེ་དག
ཅི་ནས་ཀྱང་།   རྔན་པར་སྦྱིན་ན་འདོད།
 
ང་རང་ཚུལ་ལྡན་གྱི་ཕ་མ་ཞིག་ཡིན་ན།
རང་ཉིད་ཀྱི་བུ་ཕྲུག་ཚོར།
སྤྱོད་བཟང་གི་ཕྱུག་པའི་མི་བུ་ཞིག་གི
སྲེ་ལྷད་མེད་པའི་གོམས་གཤིས་ཡོད་དགུ།
བུ་ཕྲུག་གི་སེམས་ཀྱི་ཟབ་ས་དེར་བཅུག་ན་འདོད།
 
                ཕྱི་ལོ་༢༠༡༠ལོའི་༡༢པའི་ཚེས་༨ཉིན་རང་ཤག་ཏུ་བྲིས།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངས་འདི་ལྟར་བསམ།

2011-01-29 ཀ་རུ་ཤར་རིག་འཛིན། ཀློག་གྲངས། མཆན ཡོད།

 

ང་རང་བྱམས་ལྡན་གྱི་ཕ་མ་ཞིག་ཡིན་ན།
ང་རང་གི་གཅེས་ཕྲུག་ཆུང་ཆུང་དེར།
བུམ་པ་གང་བྱོའི་ཚུལ་གྱིས།
ཤིན་ཏུ་ཕྱུག་པའི་ཕ་སྐད་ཀྱི་དྭངས་མ་དེ།
ནུ་མ་བཞིན་སྦྱིན་ན་སྙམ།
 
ང་རང་རིགས་ཞེན་གྱི་ཕྱུག་པའི་ཕ་མ་ཞིག་ཡིན་ན།
ང་རང་གི་གཅེས་ཕྲུག་ཡ་ང་པོ་དེར།
ཀྱག་ཀྱོག་མང་བའི་གངས་ཅན་པའི་ལོ་རྒྱུས་དེ།
ཕྱོགས་རིས་ཀྱི་དྲི་མས་མ་བརླན་པར།
གོ་རིམ་ངང་འཆད་ན་འདོད།
 
ང་རང་ཤེས་ལྡན་གྱི་ཕ་མ་ཞིག་ཡིན་ན།
རང་གི་གཅེས་ཕྲུག་གི་གམ་དུ།
དབྱངས་སོ་བཞིའི་མཛེས་སྡུག་གི་གླུ་དབྱངས་སྙན་མོ་དེ།
སྒྲ་སྦྱོར་གྱི་གོ་རིམ་མ་བཅོལ་བར།
གདངས་དབྱངས་དང་ལྷན་དུ་ཡང་ཡང་གྱེར་ན་སྙམ།
 
 ང་རང་ཡ་རབས་ལ་དགའ་བའི་ཕ་མ་ཞིག་ཡིན་ན།
ང་རང་གི་བུ་ཕྲུག་གི་རྒྱུད་ལ།
ཡ་མེས་ནས་བརྒྱུད་ཡོང་བའི་གངས་ཅན་པའི་སྤྱོད་བཟང་དེ་དག
རིན་བྲལ་གྱི་ནོར་བུ་བཞིན་དུ།
ཆགས་གྲུམ་མེད་པར་ལག་ཏུ་སྦྱིན་ན་སྙམ།
 
ང་རང་འབྱོར་ལྡན་གྱི་ཕ་མ་ཞིག་ན།
ང་རང་གི་གཅེས་པའི་བུ་ཕྲུག་དེར།
གནའ་དེང་གི་མཁས་དབང་དེ་དག་གི།
མན་ངག་གི་བདུད་རྩི་སྐྱུག་པའི་དཔེ་དེབ་དེ་དག
ཅི་ནས་ཀྱང་།   རྔན་པར་སྦྱིན་ན་འདོད།
 
ང་རང་ཚུལ་ལྡན་གྱི་ཕ་མ་ཞིག་ཡིན་ན།
རང་ཉིད་ཀྱི་བུ་ཕྲུག་ཚོར།
སྤྱོད་བཟང་གི་ཕྱུག་པའི་མི་བུ་ཞིག་གི
སྲེ་ལྷད་མེད་པའི་གོམས་གཤིས་ཡོད་དགུ།
བུ་ཕྲུག་གི་སེམས་ཀྱི་ཟབ་ས་དེར་བཅུག་ན་འདོད།
 
                ཕྱི་ལོ་༢༠༡༠ལོའི་༡༢པའི་ཚེས་༨ཉིན་རང་ཤག་ཏུ་བྲིས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།