ཕ་ཡུལ་ནས་ལྷ་ས་དྲན་པ།



            རླུང་གིས་མ་ཁུར་བའི་རྩིག་ལྡེབས་ཀྱི་ཐང་ཀ་རལ་བོ
            ཆར་གྱིས་མ་བརླན་པའི་གཅོང་རོང་གི་རྡོ་བརྐོས་གསལ་བོ
            སྒྱུ་འཕྲུལ་དང་རོལ་དབྱངས་ཀྱི་འཇིག་རྟེན་འདིའི་ཡང་རྩེ་རུ
            མེས་པོ་ཚོས་བློ་གྲོས་དང་བླ་སྲོག་གིས་བརྩམས་གྲུབ་གནངས་བ
            ང་དང་འདྲ་བའི་མི་རབས་འདིའི་ཆང་དང་སྙན་ངག་ཁྲོད་ ཀྱི་ལྷ་ས་རེད་ཨང

           ལྷ་ས་ནི་ནམ་ཡང་འཇགས་མ་མྱོང་བའི་ས་སྲོད་ཀྱི་གླུ་སྐད་དེ་ཡིན
           རྒས་འཁོགས་ཀྱི་ཡུལ་མི་ཚོའི་སེམས་གཏིང་གི་ མཛེས་བ་དེ་ཡིན
           ཨ་མྱེས་ཀྱིས་ཕ་ཡུལ་གྱི་རྐང་ལམ་རིང་མོ་དེའི་ཕར་སྣེ་ན་ལྷ་ས་ཡོད་ཟེར
           ལྷ་ས་ནི་ཨར་འདམ་དང་རྣོ་ལྕགས་ཀྱིས་གྲུབ་པའི་འཇིག་རྟེན་ཞིག་ཡིན་ཟེར
 
           ལོ་ཟླའི་ཁྲག་རྒྱུན་གྱིས་དེད་པའི་དུས་རབས་ཀྱི་འགྲུལ་བཞུད་ཀྱིས
           ང་ཡི་ལྷ་སའི་ལྷིང་འཇགས་དང་རྨི་ལམ་གྱི་བདེ་བ་དཀྲོགས་སོང
           ལུས་པོ་ཕ་ཡུལ་ན་ཡོད་ཀྱང་སེམས་པ་ལྷ་ས་རུ་ཤོར་བའི་བདག་གིས
           ལྷ་ས་གྲོང་ཁྱེར་གྱི་ཟླ ་འོད་དང་མཚན་མོ་ཁོ་ན་སེམས་ལ་སྒོམ་གྱིན
           ད་དུང་པོ་ཏ་ལའི་རྒྱ་ཕིབས་དང་ཇོ་ཁང་གི་གསེར་ཏོག་མིག་ལ་འཆར་གྱིན
           ཕ་ཡུལ་ན་གླུ་གཞས་ལྟ་བུའི་སྙན་ངག་ཅིག་གྱེར་བཞིན་ཡོད
                                     ༢༠༡༡  ༡     ༡༤ཉིན་གྱི་མཚན་མོར་རྩེ་ཁོག་ཏུ།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕ་ཡུལ་ནས་ལྷ་ས་དྲན་པ།

2011-01-27 སྨྱུག་སྲས། ཀློག་གྲངས། མཆན ཡོད།



            རླུང་གིས་མ་ཁུར་བའི་རྩིག་ལྡེབས་ཀྱི་ཐང་ཀ་རལ་བོ
            ཆར་གྱིས་མ་བརླན་པའི་གཅོང་རོང་གི་རྡོ་བརྐོས་གསལ་བོ
            སྒྱུ་འཕྲུལ་དང་རོལ་དབྱངས་ཀྱི་འཇིག་རྟེན་འདིའི་ཡང་རྩེ་རུ
            མེས་པོ་ཚོས་བློ་གྲོས་དང་བླ་སྲོག་གིས་བརྩམས་གྲུབ་གནངས་བ
            ང་དང་འདྲ་བའི་མི་རབས་འདིའི་ཆང་དང་སྙན་ངག་ཁྲོད་ ཀྱི་ལྷ་ས་རེད་ཨང

           ལྷ་ས་ནི་ནམ་ཡང་འཇགས་མ་མྱོང་བའི་ས་སྲོད་ཀྱི་གླུ་སྐད་དེ་ཡིན
           རྒས་འཁོགས་ཀྱི་ཡུལ་མི་ཚོའི་སེམས་གཏིང་གི་ མཛེས་བ་དེ་ཡིན
           ཨ་མྱེས་ཀྱིས་ཕ་ཡུལ་གྱི་རྐང་ལམ་རིང་མོ་དེའི་ཕར་སྣེ་ན་ལྷ་ས་ཡོད་ཟེར
           ལྷ་ས་ནི་ཨར་འདམ་དང་རྣོ་ལྕགས་ཀྱིས་གྲུབ་པའི་འཇིག་རྟེན་ཞིག་ཡིན་ཟེར
 
           ལོ་ཟླའི་ཁྲག་རྒྱུན་གྱིས་དེད་པའི་དུས་རབས་ཀྱི་འགྲུལ་བཞུད་ཀྱིས
           ང་ཡི་ལྷ་སའི་ལྷིང་འཇགས་དང་རྨི་ལམ་གྱི་བདེ་བ་དཀྲོགས་སོང
           ལུས་པོ་ཕ་ཡུལ་ན་ཡོད་ཀྱང་སེམས་པ་ལྷ་ས་རུ་ཤོར་བའི་བདག་གིས
           ལྷ་ས་གྲོང་ཁྱེར་གྱི་ཟླ ་འོད་དང་མཚན་མོ་ཁོ་ན་སེམས་ལ་སྒོམ་གྱིན
           ད་དུང་པོ་ཏ་ལའི་རྒྱ་ཕིབས་དང་ཇོ་ཁང་གི་གསེར་ཏོག་མིག་ལ་འཆར་གྱིན
           ཕ་ཡུལ་ན་གླུ་གཞས་ལྟ་བུའི་སྙན་ངག་ཅིག་གྱེར་བཞིན་ཡོད
                                     ༢༠༡༡  ༡     ༡༤ཉིན་གྱི་མཚན་མོར་རྩེ་ཁོག་ཏུ།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།