གཟུངས་ཕྱུག་སྐྱིད་ཀྱི་སྙན་ངག་གསར་བ་ཁག་གསུམ།

གཟུངས་ཕྱུག་སྐྱིད། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-01-27

     ༼ཕྱིར་འཁོར་ནས་སྡེ་ལ་ལྟ་དུས༽

ཆག་འཇིག་གིས་དཀྲོགས་པའི་ས་སྲོད་ཅིག་གམ              
ཡང་ན   རེ་སྨོན་གྱིས་བསླངས་པའི་ཞོགས་ཁ་དེ་ནས
ཁྱེད་རང་    འདི་ལྟར་ཡོང་དགོས་བྱུང་སོང
 
ལས་དབང་     མ་གཞི་ནས་དགུ་མདུད་ཅིག་ཡིན་པ་བདེན་ན       
ངས་རང་ཉིད་ཀྱིས་སྲོང་བོར་བརྐྱངས་པའི་ལག་ཟུང་གིས
ཡིད་ཆེས་དང་དུང་སྣང  ཡང་ན་ཧམ་སེམས་ལྟ་བུའི་མདུད་པ་ཞིག
ཁྱེད་ལ་དམ་དུ་བརྒྱབ་ཆོག་མོད
 
ཡིན་ནའང་  དུས་དེ་རིང་ཅི་ཞིག་ལ
ཁྱེད་རང་     བདག་གི་བཞིན་རས་བཞིན་རྒས་འགོ་བརྩམ་སོང
 
སུ་ཞིག་གི་མདུན་ཅོག་སྟེང་ལྟེམས་ལྟེམས་འཁྱིལ་བའི་འོ་ཇའི་ཕོར་བ་ཁྱེད
ཤར་ནུབ་ཀྱི་མགྲོན་པོ་དག་གི་ཆེས་ཆེར་ཕྱེས་པའི་དངུལ་ཁུག་དང་ལྷན་དུ
སུ་ཞིག་གིས་གཙང་བཞེས་གནང་བཞིན་པའི་ཞིམ་མངར་དང་
འཚོ་བཅུད་གཞན་ཞིག་ཡིན་ནམ
 
དེ་རིང་    འདི་ལྟར་རང་སེམས་ཀྱི་ཟབ་ས་ཞིག་ནས
ཁྱེད་ཀྱི་དབུགས་རྒྱུན་ལ་ཉན་ཐེངས་རེར
བཟོད་མི་ནུས་པའི་ཟུག་གཟེར་ཞིག་གིས་ཤ་རུས་གཉིས་ཀ་གས་གྲབས་བྱེད་ལ
སྡོད་མི་ཚུགས་པའི་དྲན་གདུང་ཞིག་གིས་ལུས་སེམས་གཉིས་ཀ་ཞིག་གྲབས་བྱེད
 
འཇིག་རྟེན་འདི་མ་གཞི་ནས་རྨི་ལམ་ཞིག་ཡིན་པ་བདེན་ན
ཅི་ཞིག་ལ    ཁྱེད་རང་བདག་གི་མཚན་རིང་གི་རྨི་ལམ་ཁྲོད་མཛེས་སྡུག་གིས་སྨིན་མི་ཆོག
 
ལོ་ཟླ་མང་པོ་མང་པོ་མང་པོ་ཞིག་ལ
སུ་ཞིག་གིས་ཁྱེད་ཀྱི་མིག་ཆུ་གསོག་བཞིན་སྐོམ་གདུང་སེལ་ནས་ཡོང་
སུ་ཞིག་གིས་ཁྱེད་ཀྱི་བཞིན་རས་ཕྱི་བཞིན་ངལ་དུབ་བསྐྱུར་ཏེ་ཡོང་
 
འདི་དག་ཡོད་ཚད   ཁྱེད་ཀྱིས་བརྗེད་ཡོད་མི་སྲིད          
དུས་གཏན་དུ་བརྗེད་ཡོད་མི་སྲིད
 
དེ་ལྟ་ནའང་  དེ་རིང་ཁྱེད་ལ་འདི་ལྟར་རྣམ་ཤེས་མེད་དོན་ཅི
འཁུན་སྒྲ་མེད་དོན་ཅི   ད་དུང་ན་ཟུག་མེད་དོན་ཅི
 
ངས་གཏན་ནས་རྟོགས་མ་བྱུང་
མེ་ལྕེ་ཆུ་དང་འཕྲད་ན་གྱེན་དུ་འབར་སྲིད་ལ
གཙང་ཆེན་རགས་ཀྱིས་བཀག་ཚེ་སྟོབས་ཀྱིས་འཁྱིལ་འོང་ན
ཁྱེད་ཀྱིས་ཀྱང་ཁྲག་དམར་དང་ན་ཟུག་གི་འཕག་འཚག་ཞིག་མི་ཚོར་རམ
 
བདག་གི་ལུས་སེམས་གཉིས་ཀས་མཐོ་རུ་འདེགས་པའི་གསེར་གྱི་ཕོ་བྲང་ཡ
ཁྱེད་ཀྱི་ནམ་མཁའ་དང་ཉི་མ་ད་དུང་ཐག་རིང་ན་ཡོད་པས།
ད་ནི་ཁྱེད་ཀྱིས་ཀྱང་བདག་གི་རྔམ་བརྗིད་ཀྱི་འབོད་སྐད་འདི་ཐོས་རན་རེད
ད་ནི་ཁྱེད་ཀྱིས་བདག་གི་ཞི་འཇམ་གྱི་རྣམ་ཤེས་དེ་སློང་རན་རེད
ཐ་ན་འདུག་མི་བཟོད་པའི་དངངས་སྐྲག་ཅིག
གཞི་ནས་རང་ཉིད་ལ་བསྐྲུན་ཚོད་རེད
                                    ༣།༨།༢༠༡༠

               ༼སྦེལ་ཀོབ་ནས་རྙེད་པའི་སྙན་ངག༽

རི་བོ་མེད་པའི་ཐང་ཆེན་དག་ཇི་འདྲའི་ཆེ་ན་འང
ངའི་མིག་ཟུང་གི་ཆུ་རིས་དག་སྐམ་ཚར་བས་ཡིན་ནམ
ལྗང་མདོག་གི་རྨི་ལམ་ལ་ངལ་གསོ་ཞིག་རྙེད་མ་བྱུང
 
ལྗོན་ཤིང་གི་ཡལ་ག་དག་ན་ཆུ་ཐིགས་འོད་ཀྲིག་ཀྲིག་བྱེད་ནའང
ང་རང་མཛའ་བརྩེ་ཞེས་པའི་ཡིག་འབྲི་ཞིག་བོར་སོང་བའི་སྔ་ནུབ་ཏུ་འགྲེང་བཞིན
རྒྱང་དུ་འཕུར་སོང་བའི་བྱེའུ་ཚོགས་ཀྱི་གཤོག་སྒྲ་ཡང་ཡང་དྲན
 
ཆར་ཟིམ་དང་འཇམ་རླུང་གིས་ངོ་གདོང་ལ་བྱིལ་བྱིལ་ཇི་ཙམ་བཏང་ཡང་
གཉིད་མི་ཁུག་པའི་རྨི་ལམ་ད་དུང་རྒྱང་རིང་ན་ཡོད་པས
ངས་བརྩེ་འདང་ཞེས་པའི་གླུ་ཆུང་འདི་སུ་ལ་ཡང་གྱེར་འདོད་མ་བྱུང་
 
ཡང་སྙིང་ཅི་ཞིག་ལ་ང་རང་འདི་ལྟར་རང་ཉིད་ལ་སྡང་དགོས་བྱུང་
སྦེབ་ཀོབ་བོད་མིའ་ཁྲོམ་ནས
བདག་གིས་མེས་པོའི་རུས་རྐང་བཙལ་མ་ཐུབ་པའི་ངལ་དུབ་སུ་ལ་བཤད་འོས
 
མུ་མཐའ་མེད་པའི་ཐང་ཆེན་དག་ཇི་ལྟར་བགད་ཀྱང་
སྦེབ་ཀོབ་བོད་མིའི་ཁྲོམ་ནས
སུ་ཞིག་འདི་ལྟར་ཁེར་རྐྱང་གིས་ལམ་ལ་ཆས་དགོས་བྱུང་
 
ཡིན་ནའང་གནས་འདི་ན་ཤ་རུས་ཀྱི་བརྩེ་ཞེན་ལུས་ཡོད་ལ
གས་ཆག་ཤོར་སོང་བའི་ཁྱིམ་གཞིས་ཤིག་གི་འབྱུང་འགྱུར་དང་རྨི་ལམ་ལྷག་ཡོད་པས
ཡང་བསྐྱར་ཁྱེད་ཀྱི་པང་དུ་ཐེངས་ཤིག་ལོག་འདོད་བྱུང་
                                 ༢༠༡༠ལོའི་༨པའི་ཚེས་གཅིག་ཉིན་ལ།

                ༼མེ་སོར་རྒྱལ་བོའི་ཕོ་བྲང་དུ་བསྐྱོད་པ།༽

ལོ་རྒྱུས་ཤིག་གི་སྔ་ནུབ་ནས་ཀྲོང་ངེར་འགྲེེང་བའི་ཁྱེད
འདི་ལྟར་བདག་གི་མཐོང་སྣང་ནས་ཁུ་སིམ་མེར་གནས་དོན་ཅི
སྣུམ་ཤིག་ཤིག་གི་ཚོམ་ཆེན་ཁང་རེ་རེ་དལ་གྱིས་མཇལ་དུས                               
གནའ་བོའི་དྲག་དམག་གི་རྔམ་བརྗིད་དང་དཔའ་མཛངས་རེ་རེ་ཐོལ་གྱིས་མངོན་བྱུང
 
ས་ཆེན་འདིའི་སྟེང་བ་ནས་སུ་ཞིག་དབང་དུ་བསྒྱུར་པའི་མི་ཕོ་ཞིག་གི
རིང་བོར་བསྲིངས་པའི་ཚེ་སྲོག་གི་སྙིང་སྟོབས་གསོན་པོ
དུས་དེ་རིང་ཡང་
ཡུལ་གྲུ་འདིའི་ནམ་མཁའ་ན་མཐོ་རུ་བསྒྲེངས་འདུག
 
གནའ་བོའི་བ་སོ་དང་མུ་ཏིག་གིས་བརྒྱན་པའི་བཞུགས་ཁྲི་རེ་རེ་ལས
མི་ཡུལ་འདིའི་རེ་སྒུག་དང་དྲན་གདུང་མང་པོ་ལྷོད་ཀྱིས་འཁྱིལ་ཞིང་
མཚར་སྡུག་འཛུམ་ཆུང་གིས་ཁུར་བའི་བཙུན་མོའི་ཚོགས་ཀྱི
སིལ་སིལ་གྲོལ་བའི་རྐང་གདབ་ཀྱི་དབྱངས་རྟ་དང་དྲི་བསུང་ད་དུང་བཞུར་བཞིན་འདུག
 ཕྱི་རོལ་གྱི་ཐང་ཆེན་ནི་ཆེད་དུ་བརྐྱངས་པའི་དབུགས་ལྡན་ཞིག་གི་བྲང་གཞུང་ལྟར
ཚ་ལམ་ལམ་ལྡིང་བའི་སྙིང་རྩའི་དཀྱིལ་དབུས་སུ
རྟ་དམག་ཁྲི་ཕྲག་གི་མདུང་སོ་དང་རལ་གྲིའི་རྩེ་མོ་འོད་ཆེམ་ཆེམ་དུ་མཆེད་ཀྱིན་འདུག
 
བཤད་རྒྱུན་ལ   ཆེས་སྔ་བའི་མཐའ་སྲུང་གི་དམགས་འཁྲུག་ཅིག་འདི་ནས་མཇུག་རྫོགས་མྱོང་ཟེར་ལ
ཆེས་རིང་བའི་ལོ་རྒྱུས་རྒྱལ་ཕམ་གྱི་འཐབ་རྩོད་ཅིག་འདི་ནས་འགོ་བརྩམས་མྱོང་ཟེར
བདེན་ནམ ཁྱེད་རང་འདི་ལྟར་རང་ཉིད་ཀྱི་སྟོབས་ཤུགས་དང་ལྷན་དུ་བཞུད་སོང་བ
ཁྱེད་རང་འདི་ལྟར     རང་ཉིད་ཀྱི་མངའ་ཐང་དང་ལྷན་དུ་བཞུགས་འདུག་པ
 
དུས་ཀྱི་རྒྱང་བཞུད་པ               
དུས་རླུང་གིས་གཞོམ་གཞིག་བྲལ་བའི་ངོ་གདོང་འདི་ཁྱེད་རང་ཡིན་ན
དེ་རིང་ཁྱེད་ཀྱི་པང་བར་འབྱོར་བའི་ཡུལ་འཁྱར་བ་རྐང་རྗེན་དེ་ང་རང་མིན་ནམ
བདག་གིས     འདི་ལྟར་རང་ཉིད་ཀྱི་ཆག་འཇིག་ཁྲོད་ཁྱེད་ཉིད་བཙལ་དགོས་བྱུང
 
ང་ཡི་གནས་ཚང་ལགས
ངས་ཀྱང་བོར་ཟིན་པའི་མངའ་ཐང་ཞིག་བསྐྱར་དུ་བཙལ་གྱིན་ཡོད་ལ
རྙེད་འོས་པའི་རྨི་ལམ་ཞིག་འགོ་ནས་འཚོལ་གྱིན་ཡོད
བཞུད་སྔ་བའི་ཁྱེད་རང་།    དེ་རིང་འདི་ལྟར་ཁུ་སིམ་མེར་གནས་ཀྱང་
ཆགས་འཇིག་དང་རྒྱལ་ཕམ་གྱིས་བསྒུལ་བའི་མི་ཡུལ་འདིའི་མིག་ཟུང་ན
ཁྱེད་ནི་སྔར་བཞིན་ཚེ་སྲོག་གིས་བསླངས་པའི་ཆེས་སྙིང་དུ་སྡུག་པའི་ལོ་རྒྱུས་ཤིག
                        ༢༠༡༠ལོའི་ཟླ་༩པའི་ཚེས་༦ཉིན་སེམས་སུ་སྦྲུམ་ཞིང་ཚེས་༡༡ཉིན་ཡི་གེར་ཕབ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཟུངས་ཕྱུག་སྐྱིད་ཀྱི་སྙན་ངག་གསར་བ་ཁག་གསུམ།

2011-01-27 གཟུངས་ཕྱུག་སྐྱིད། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།