སྟག་ལོ་བ། གང་དུ་བཞུད།

དུང་བུ་ཆོས་འབུམ་རྒྱལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-01-23

 

དུས་ཚོད་ཀྱི་ཐག་སྒྲ་རེ་དང་རྡོག་སྣེའི་འཁུན་སྒྲ་རེ
ངའི་ཚེ་སྲོག་གི་གང་བུར་ཡུན་གྱིས་འཛུལ་བ་ནས་བཟུང
ཡར་གའི་སྤང་ཐང་གན་དང་མར་གའི་ནགས་ཚལ་གན
ངའི་མིག་ཟུང་གི་གཤེད་མ་རི་ལ་མྱུལ་ས་དེ་ཡིན
ལོ་ཟླའི་འཚེར་ཤུལ་གྱི་སྲོག་ཆགས་བཅུ་གཉིས་པོ
ངའི་ཡང་ཆུང་གི་གཏིང་ནས་རིམ་གྱིས་འཕག་ནས
རྒས་གཉེར་གྱི་གསེབ་ལ་དལ་གྱིས་སིམ་དུས
ངས་མགོ་སྔ་གཏིང་སློག་གིས་རང་ཉིད་ལ་ལྷན་པ་རེ་བཙལ་བ་ཡིན
བཙལ་བཙལ་བའི་མཐའ་མར     རྒྱུགས་རྒྱུགས་པའི་རྗེས་ནས
སུ་ལའང་མ་བབས་པའི་ཐག་པ་སྦོམ་པོ་དེ
ངས་སླར་ཡང་ཁྱོད་ཀྱི་སྐེ་ལ་བསྐོན་དགོས་བྱུང་ལ
ཁྱོད་ནི་ངའི་ཕུང་བོའི་ཕྱི་ནང་གི་འཚེམ་བཟོ་ཁང་ཡིན
 
སྟག་ལོ་བ  
ཉིན་ལ་ཉིན་མཐུད་ནས   མཚན་ལ་མཚན་མཐུད་ནས
ཁྱོད་ཡང་བསྐྱར་ལམ་ལ་ཆས་བྱུང
ཕ་ཡུལ་ལ་མིག་ཆུ་ཁྱོར་བ་གང་བཞག་པའི་བག་མ་ཞིག་ལྟར
གཏམ་རྒྱུད་དམར་པོ་ཞིག་གི་རྩེ་ནས     ཁྱོད་ཁུ་སུམ་མེར
དྲི་རྟགས་ཀྱི་རྐང་རྗེས་རི་ལུང་ལ་ཕབ་ནས་བུད་སོང 
 
སྟག་ལོ་བ
ཁྱོད་རྣམ་ཤེས་ཁྲག་ཁྲིག་གི་བུ་ག་བརྒྱུད་ནས
ལོ་རྒྱུས་ཀྱི་རུས་གསེང་ལ་འཐུམ་དུས
ཁྱོད་ཀྱིས་སུ་ཞིག་ལ་བདེན་ཁ་སྟེར་ཕོད
ཁྱོད་ཀྱིས་གང་དག་ལ་ཐམ་ཀ་རྒྱག་ཐུབ
 
སྟག་ལོ་བ       གང་དུ་བཞུད
ལྗིད་ཏིག་ཏིག་གི་འབྲས་བུ་ཁ་བོ་རེ་རུམ་ནས
སྣུམ་ཤིག་ཤིག་གི་ས་བོན་སྟུག་པོ་རེ་ཁུར་ནས
གང་དུ་བཞུད་འགྲོ         ཁྱོད་ཀྱིས
སུ་ཞིག་གི་བྲང་གཞུང་སྔོགས་འདོན་ཐེངས་གཅིག་བྱས་སོང
སང་ཉིན        ཡིག་ཚགས་གང་རུང་ནས་ཁྱོད་གླེང་དུས
མིག་ཟུང་བཙུམ་པའི་སློང་མོ་བ་ཅི་ཙམ་ཡོད
 
སྟག་ལོ་བ      གང་དུ་བཞུད
ས་རུབ་ལ་ཁད་ཀྱི་ས་གཞི་འདི་ལ་འོད་སྣང་རེ་བསྩལ་ནས
ནམ་ལངས་ལ་ཉེ་བའི་མཁའ་དབྱིངས་འདི་ལ་ས་བོན་རེ་གཏོར་ནས
རྒྱང་རིང་གི་ཕ་རོལ་ལ་མགོ་བོ་གཏད་ནས
ཁྱོད            གང་དུ་བཞུད་འགྲོ 
                    ༢༠༡༡  ༠༡  ༡༤  ཉིན་གྱི་མཚན་མོར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྟག་ལོ་བ། གང་དུ་བཞུད།

2011-01-23 དུང་བུ་ཆོས་འབུམ་རྒྱལ། ཀློག་གྲངས། མཆན ཡོད།

 

དུས་ཚོད་ཀྱི་ཐག་སྒྲ་རེ་དང་རྡོག་སྣེའི་འཁུན་སྒྲ་རེ
ངའི་ཚེ་སྲོག་གི་གང་བུར་ཡུན་གྱིས་འཛུལ་བ་ནས་བཟུང
ཡར་གའི་སྤང་ཐང་གན་དང་མར་གའི་ནགས་ཚལ་གན
ངའི་མིག་ཟུང་གི་གཤེད་མ་རི་ལ་མྱུལ་ས་དེ་ཡིན
ལོ་ཟླའི་འཚེར་ཤུལ་གྱི་སྲོག་ཆགས་བཅུ་གཉིས་པོ
ངའི་ཡང་ཆུང་གི་གཏིང་ནས་རིམ་གྱིས་འཕག་ནས
རྒས་གཉེར་གྱི་གསེབ་ལ་དལ་གྱིས་སིམ་དུས
ངས་མགོ་སྔ་གཏིང་སློག་གིས་རང་ཉིད་ལ་ལྷན་པ་རེ་བཙལ་བ་ཡིན
བཙལ་བཙལ་བའི་མཐའ་མར     རྒྱུགས་རྒྱུགས་པའི་རྗེས་ནས
སུ་ལའང་མ་བབས་པའི་ཐག་པ་སྦོམ་པོ་དེ
ངས་སླར་ཡང་ཁྱོད་ཀྱི་སྐེ་ལ་བསྐོན་དགོས་བྱུང་ལ
ཁྱོད་ནི་ངའི་ཕུང་བོའི་ཕྱི་ནང་གི་འཚེམ་བཟོ་ཁང་ཡིན
 
སྟག་ལོ་བ  
ཉིན་ལ་ཉིན་མཐུད་ནས   མཚན་ལ་མཚན་མཐུད་ནས
ཁྱོད་ཡང་བསྐྱར་ལམ་ལ་ཆས་བྱུང
ཕ་ཡུལ་ལ་མིག་ཆུ་ཁྱོར་བ་གང་བཞག་པའི་བག་མ་ཞིག་ལྟར
གཏམ་རྒྱུད་དམར་པོ་ཞིག་གི་རྩེ་ནས     ཁྱོད་ཁུ་སུམ་མེར
དྲི་རྟགས་ཀྱི་རྐང་རྗེས་རི་ལུང་ལ་ཕབ་ནས་བུད་སོང 
 
སྟག་ལོ་བ
ཁྱོད་རྣམ་ཤེས་ཁྲག་ཁྲིག་གི་བུ་ག་བརྒྱུད་ནས
ལོ་རྒྱུས་ཀྱི་རུས་གསེང་ལ་འཐུམ་དུས
ཁྱོད་ཀྱིས་སུ་ཞིག་ལ་བདེན་ཁ་སྟེར་ཕོད
ཁྱོད་ཀྱིས་གང་དག་ལ་ཐམ་ཀ་རྒྱག་ཐུབ
 
སྟག་ལོ་བ       གང་དུ་བཞུད
ལྗིད་ཏིག་ཏིག་གི་འབྲས་བུ་ཁ་བོ་རེ་རུམ་ནས
སྣུམ་ཤིག་ཤིག་གི་ས་བོན་སྟུག་པོ་རེ་ཁུར་ནས
གང་དུ་བཞུད་འགྲོ         ཁྱོད་ཀྱིས
སུ་ཞིག་གི་བྲང་གཞུང་སྔོགས་འདོན་ཐེངས་གཅིག་བྱས་སོང
སང་ཉིན        ཡིག་ཚགས་གང་རུང་ནས་ཁྱོད་གླེང་དུས
མིག་ཟུང་བཙུམ་པའི་སློང་མོ་བ་ཅི་ཙམ་ཡོད
 
སྟག་ལོ་བ      གང་དུ་བཞུད
ས་རུབ་ལ་ཁད་ཀྱི་ས་གཞི་འདི་ལ་འོད་སྣང་རེ་བསྩལ་ནས
ནམ་ལངས་ལ་ཉེ་བའི་མཁའ་དབྱིངས་འདི་ལ་ས་བོན་རེ་གཏོར་ནས
རྒྱང་རིང་གི་ཕ་རོལ་ལ་མགོ་བོ་གཏད་ནས
ཁྱོད            གང་དུ་བཞུད་འགྲོ 
                    ༢༠༡༡  ༠༡  ༡༤  ཉིན་གྱི་མཚན་མོར།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།