ཁུ་སིམ་གྱི་དྲན་འཆར།

ཀ་རུ་ཤར་རིག་འཛིན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-01-17

 

                      ཁུ་སིམ་ཟླ་འོད་ཀྱི་འོག་ལ།།
                     ཁུ་སིམ་ཆམ་ཆམ་ལ་སྐྱོད་དུས།།
                     ཁུ་སིམ་སྔར་འདས་ཀྱི་ཟློས་གར།།
                     ཁུ་སིམ་སེམས་ཁོངས་ནས་དྲན་བྱུང་།
                       
                     ཁུ་སིམ་ལས་དབང་གི་འོག་ནས།།
                     ཁུ་སིམ་གྱེས་བྲལ་ཞིག་བྱུང་དུས།།
                     ཁུ་སིམ་དུང་སེམས་ཀྱི་མིག་ཆུས།།
                     ཁུ་སིམ་ངོ་གདོང་འདི་བརླན་སོང་།།
 
                     ཁུ་སིམ་རང་ཡུལ་དང་བྲལ་དུས།།
                     ཁུ་སིམ་སྙིང་དབུས་ཀྱི་ན་ཟུག།
                     ཁུ་སིམ་ཁུར་པོ་ལ་རྡོག་ནས།།
                     ཁུ་སིམ་འགྲུལ་བཞུད་ལ་ཞུགས་ཡིན།།
 
                     ཁུ་སིམ་དྲན་འཆར་གྱི་ཕུང་གསོག།
                     ཁུ་སིམ་གཅིག་པུ་ལ་དྲན་དུས།།
                     ཁུ་སིམ་སྐྱོ་གླུ་ཡི་བསིལ་བསིལ།།
                     ཁུ་སིམ་ངག་སྒོ་ནས་ཤོར་ཐལ།།
 
                     ཁུ་སིམ་ལྡུམ་ར་ཡི་ནང་ནས།།
                     ཁུ་སིམ་མེ་ཏོག་ཅིག་མཐོང་དུས།།
                     ཁུ་སིམ་གཡུ་སྦྲང་གི་བུང་བ།།
                     ཁུ་སིམ་དེ་ཕྱོགས་ལ་ཤོར་སོང་།།
 
                     ཁུ་སིམ་ས་མཐའ་ཡི་ཡུལ་ནས།།
                     ཁུ་སིམ་སེམས་ཤོར་གྱི་ཟློ་གཞོན།།
                     ཁུ་སིམ་དྲན་ཚོར་གྱི་དབུས་ནས།།
                     ཁུ་སིམ་དབང་མེད་ལ་དྲན་སོང་།།
 
                     ཁུ་སིམ་དབེན་ས་ཡི་གནས་ལ།།
                     ཁུ་སིམ་མི་ཚེ་ཞིག་འདོད་ཀྱང་།།
                     ཁུ་སིམ་ལས་འབྲས་ཀྱི་རྒྱལ་པོས།།
                     ཁུ་སིམ་འཁོར་བཙོན་ལ་བརྫངས་བྱུང་།།
 
                     ཁུ་སིམ་ཁུ་སིམ་གྱི་ངང་ནས།།
                     ཁུ་སིམ་ལོ་ཟླ་ཡི་ཕྲེང་བ།།
                     ཁུ་སིམ་ཁུ་སིམ་ལ་སྐྱོད་དུས།།
                     ཁུ་སིམ་འགྱོད་པ་ཡིས་བཟུང་སོང་།།
 
                     ཁུ་སིམ་མི་རིགས་འདིའི་ཆེད་དུ།།
                     ཁུ་སིམ་ལེགས་སྐྱེས་ཤིག་ཕུལ་འདོད།།
                     ཁུ་སིམ་རང་དོན་ལ་ཤོར་ནས།།
                     ཁུ་སིམ་འགྱོད་འདུང་གི་མནར་བྱུང་།།
 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁུ་སིམ་གྱི་དྲན་འཆར།

2011-01-17 ཀ་རུ་ཤར་རིག་འཛིན། ཀློག་གྲངས། མཆན ཡོད།

 

                      ཁུ་སིམ་ཟླ་འོད་ཀྱི་འོག་ལ།།
                     ཁུ་སིམ་ཆམ་ཆམ་ལ་སྐྱོད་དུས།།
                     ཁུ་སིམ་སྔར་འདས་ཀྱི་ཟློས་གར།།
                     ཁུ་སིམ་སེམས་ཁོངས་ནས་དྲན་བྱུང་།
                       
                     ཁུ་སིམ་ལས་དབང་གི་འོག་ནས།།
                     ཁུ་སིམ་གྱེས་བྲལ་ཞིག་བྱུང་དུས།།
                     ཁུ་སིམ་དུང་སེམས་ཀྱི་མིག་ཆུས།།
                     ཁུ་སིམ་ངོ་གདོང་འདི་བརླན་སོང་།།
 
                     ཁུ་སིམ་རང་ཡུལ་དང་བྲལ་དུས།།
                     ཁུ་སིམ་སྙིང་དབུས་ཀྱི་ན་ཟུག།
                     ཁུ་སིམ་ཁུར་པོ་ལ་རྡོག་ནས།།
                     ཁུ་སིམ་འགྲུལ་བཞུད་ལ་ཞུགས་ཡིན།།
 
                     ཁུ་སིམ་དྲན་འཆར་གྱི་ཕུང་གསོག།
                     ཁུ་སིམ་གཅིག་པུ་ལ་དྲན་དུས།།
                     ཁུ་སིམ་སྐྱོ་གླུ་ཡི་བསིལ་བསིལ།།
                     ཁུ་སིམ་ངག་སྒོ་ནས་ཤོར་ཐལ།།
 
                     ཁུ་སིམ་ལྡུམ་ར་ཡི་ནང་ནས།།
                     ཁུ་སིམ་མེ་ཏོག་ཅིག་མཐོང་དུས།།
                     ཁུ་སིམ་གཡུ་སྦྲང་གི་བུང་བ།།
                     ཁུ་སིམ་དེ་ཕྱོགས་ལ་ཤོར་སོང་།།
 
                     ཁུ་སིམ་ས་མཐའ་ཡི་ཡུལ་ནས།།
                     ཁུ་སིམ་སེམས་ཤོར་གྱི་ཟློ་གཞོན།།
                     ཁུ་སིམ་དྲན་ཚོར་གྱི་དབུས་ནས།།
                     ཁུ་སིམ་དབང་མེད་ལ་དྲན་སོང་།།
 
                     ཁུ་སིམ་དབེན་ས་ཡི་གནས་ལ།།
                     ཁུ་སིམ་མི་ཚེ་ཞིག་འདོད་ཀྱང་།།
                     ཁུ་སིམ་ལས་འབྲས་ཀྱི་རྒྱལ་པོས།།
                     ཁུ་སིམ་འཁོར་བཙོན་ལ་བརྫངས་བྱུང་།།
 
                     ཁུ་སིམ་ཁུ་སིམ་གྱི་ངང་ནས།།
                     ཁུ་སིམ་ལོ་ཟླ་ཡི་ཕྲེང་བ།།
                     ཁུ་སིམ་ཁུ་སིམ་ལ་སྐྱོད་དུས།།
                     ཁུ་སིམ་འགྱོད་པ་ཡིས་བཟུང་སོང་།།
 
                     ཁུ་སིམ་མི་རིགས་འདིའི་ཆེད་དུ།།
                     ཁུ་སིམ་ལེགས་སྐྱེས་ཤིག་ཕུལ་འདོད།།
                     ཁུ་སིམ་རང་དོན་ལ་ཤོར་ནས།།
                     ཁུ་སིམ་འགྱོད་འདུང་གི་མནར་བྱུང་།།
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།