ལྷ་མོ་དྲན་པ།

 

ལྷ་མོ་རྨི་ལམ་གྱི་ཁམས་ལ་འགྲོ་ཐེངས་མང་།
ལྷ་མོ་གཉིད་ལོག་པར་ཧ་ཅང་མོས།
ལྷ་མོའི་གཤིས་ཀ་ཡག་པའི་གནས་སློང་མཁན་ཤིན་ཏུ་མང་།
ལྷ་མོ་གཡོ་འོག་ཏུ་འགུག་པར་སླ་བས།
ལྷ་མོའི་འཛུམ་མདངས་རྐུ་མཁན་མང་།
གས་སྲུབས་ལས་ཤོར་ཡོང་བའི་རླུང་བུ།
ལྷ་མོའི་སར་ནས་ཐོན་པའི་འཕྲིན་པ་ཞིག་རེད།
རླུང་ལ་ཁེན་པའི་ལྷ་མོར།
སྤྲིན་པ་མེད་པའི་ནམ་མཁའ་ཞིག་ཡོད་པར་སྨོན།
ལྷ་མོ་ཞིག་འཇིག་རྟེན་འདིར་སླེབས་པ་ནས།
ལྷ་མོ་ལྟ་བུའི་བུད་མེད་ཚོ་སྐྱེས་པའི་ལྡུམ་རར་བཞད།
དེ་བས། དེ་ལྟར།
སློག་ཧྲུལ་གྱོན་པའི་བྱིས་པ་སྒོར་བུད་ནས།
གང་ས་གང་དུ་རི་མོ་འབྲི་བཞིན་འདུག

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་མོ་དྲན་པ།

2011-01-09 འབྲུག་ཐར་བྱམས། ཀློག་གྲངས། མཆན ཡོད།

 

ལྷ་མོ་རྨི་ལམ་གྱི་ཁམས་ལ་འགྲོ་ཐེངས་མང་།
ལྷ་མོ་གཉིད་ལོག་པར་ཧ་ཅང་མོས།
ལྷ་མོའི་གཤིས་ཀ་ཡག་པའི་གནས་སློང་མཁན་ཤིན་ཏུ་མང་།
ལྷ་མོ་གཡོ་འོག་ཏུ་འགུག་པར་སླ་བས།
ལྷ་མོའི་འཛུམ་མདངས་རྐུ་མཁན་མང་།
གས་སྲུབས་ལས་ཤོར་ཡོང་བའི་རླུང་བུ།
ལྷ་མོའི་སར་ནས་ཐོན་པའི་འཕྲིན་པ་ཞིག་རེད།
རླུང་ལ་ཁེན་པའི་ལྷ་མོར།
སྤྲིན་པ་མེད་པའི་ནམ་མཁའ་ཞིག་ཡོད་པར་སྨོན།
ལྷ་མོ་ཞིག་འཇིག་རྟེན་འདིར་སླེབས་པ་ནས།
ལྷ་མོ་ལྟ་བུའི་བུད་མེད་ཚོ་སྐྱེས་པའི་ལྡུམ་རར་བཞད།
དེ་བས། དེ་ལྟར།
སློག་ཧྲུལ་གྱོན་པའི་བྱིས་པ་སྒོར་བུད་ནས།
གང་ས་གང་དུ་རི་མོ་འབྲི་བཞིན་འདུག

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།