བརྩེ་འཕྲིན་གསེར་གྱི་མགུལ་རྒྱན།

རྟ་མགྲིན་ཚེ་རིང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-01-05

བཟང་བཟང་ཐགས་བཟང་ཚེམས་ཕྲེང་མུ་ཏིག་གི་གསེབ་ནས།།
སྙན་སྙན་ཞི་འཇམ་ཚིག་ཕྲེང་སེམས་པ་རུ་བརྒྱུས་ཏེ།།
དུང་དུང་དད་པའི་ཡིད་ངོར་ལྷོག་ལྷོག་ཏུ་འབབ་པའི།།
མཛེས་མཛེས་རི་དྭགས་མིག་ཅན་ལྷ་མོ་དེ་མཛེས་བ།།
 
དགའ་དགའ་སྤྲོ་སེམས་འཕེལ་བྱེད་རྩེ་དགོད་ཀྱི་ཉམས་འགྱུར།།
ལྷུག་ལྷུག་མི་སེམས་འགུལ་བའི་སྙིང་གཏམ་གྱི་ཟེགས་མ། །
དཀར་དཀར་འཛུམ་ཞལ་ཆ་གཏེར་ཟླ་བ་ཡི་རང་གཟུགས།།
མཛེས་མཛེས་བདག་བློའི་ཡིད་ཀྱི་ལྷ་མོ་དེ་མཛེས་བ།།
 
རིང་རིང་གནག་སྣུམ་སྐྲ་ལོ་བསིལ་རླུང་གི་བསྐྱོམ་བཞིན།།
ཆེ་ཆེ་དཔྲལ་བའི་དཀྱིལ་འཁོར་དུང་ཟླ་ཡི་འཛུམ་ཞལ།།
འཛུམ་འཛུམ་དགོད་པའི་ལྷད་མེད་དྭངས་གཙང་གི་བཞིན་རས།།
ཆགས་ཆགས་དགའ་ཚལ་ཁྲོད་ཀྱི་མེ་ཏོག་གི་བཞིན་མདངས།།
 
བཙན་བཙན་ཁྱོད་ཀྱི་འགུགས་ཤུགས་བཟི་ཆང་དེ་བཙན་པ། །
དཀའ་དཀའ་བརྩེ་དུང་འདུན་མའི་གཞིས་ཀ་དེ་དཀའ་བ།།
སྐྱོ་སྐྱོ་ཟད་དུ་མེད་པའི་ལས་དབང་འདི་སྐྱོ་བ།།
སྡུག་སྡུག་སེམས་པར་་སྦས་པའི་ན་ཟུག་འདི་སྡུག་པ།།
 
འཇགས་འཇགས་འདུ་འཛི་འཇགས་པའི་མཚན་ལྗོངས་ཀྱི་ཁྲོད་དུ། །
བསྒོམ་བསྒོམ་སྙིང་གི་དཀྱིལ་སུ་ཁྱོད་རང་དེ་བསྒོམ་ནས།།
སྐྱིད་སྐྱིད་འདྲ་བའི་འཇིག་རྟེན་ཟིང་ཟིང་གི་ཁྲོད་ནས།།
དུང་དུང་དད་པའི་མེ་ཏོག་ཕྱག་ཟུང་གིས་འབུད་འདོད།།
 
གསལ་གསལ་ཉི་འོད་གསལ་བའི་ཉིན་དཀར་གྱི་དུས་དང་།།
ནག་ནག་མུན་ནག་འཁྲིགས་པའི་མཚན་མོ་ཡི་ལྗོངས་སོགས།།
མྱུར་མྱུར་དུས་ཚོད་ཉེར་བཞིའི་འཕེལ་འགྲིབ་ཀྱི་བར་ནས།།
ཏག་ཏག་སེམས་པ་གཏོད་ས་ཁྱོད་རང་ལས་མ་བྱུང་།།
 
མགྱོགས་མགྱོགས་མྱུར་ཚད་མགྱོགས་པའི་ཟུངས་ཁྲག་གི་འཕར་རྩར།།
འཐིམ་འཐིམ་ཁྱོད་ཀྱི་ཞེ་མདངས་སྤྲིན་ཆར་དེ་འཐིམ་པས།།
དམར་དམར་ལྡིང་བའི་ཡ་ཆུང་གངས་དཀར་གྱི་ཞིང་སར།།
ངལ་ངལ་དཀའ་བས་བསགས་པའི་གྲུབ་འབྲས་དེ་བསྐྲུན་འདོད།།
 
བཟང་བཟང་ལས་བསྐལ་བཟང་བོའི་རང་དབང་གི་བཀོད་པའི།།
ལྷག་ལྷག་ལས་འཕྲོ་ལྷག་མའི་བརྩེ་དུང་གི་ཆོ་འཕྲུལ།།
ཟབ་ཟབ་བག་ཆགས་ཟབ་མོའི་གཞི་རྐང་དུ་ཟུག་པས།།
བསམ་བསམ་ཚེ་གཅིག་ལུས་གཅིག་ལྷན་ཅིག་ཏུ་འཚོ་འདོད།།
 
ཐུང་ཐུང་དུས་ཡུན་ཐུང་ངུའི་ཡོ་ལང་གི་ཁྲོད་ནས།།
དམའ་དམའ་གོ་གནས་དམའ་བའི་བླུན་ཕྲུག་གི་གཞོན་ནུའི།།
གཉོམ་གཉོམ་ངང་རྒྱུད་གཉོམ་པའི་མིག་ཞག་གི་ཐོག་མ། །
རིག་རིག་ཁྱོད་ཀྱི་པང་ལས་ལོན་ཐབས་དེ་མ་བྱུང་།།
 
བསམ་བསམ་འདོད་པའི་གོ་སྐབས་གནམ་འོག་འདིར་དཀོན་རུང་།།
ཆགས་ཆགས་འདོད་པའི་མྱོས་བུམ་ལག་ཟུང་གིས་བཏེགས་ནས།།
སྟོང་སྟོང་དོན་གྱིས་སྟོང་བའི་མདོ་མེད་ཀྱི་གྲོང་ཚིག།།
ཆུང་ཆུང་སྙིང་ཆུང་དམར་པོའི་ཁོང་གསེང་ནས་བརྡོལ་བྱུང་།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བརྩེ་འཕྲིན་གསེར་གྱི་མགུལ་རྒྱན།

2011-01-05 རྟ་མགྲིན་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།