མི།
སྐྱེས་ཁུངས་གང་ཡང་མ་རྟོགས་པར
སྲོག་ཆགས་རིགས་ཤིག་གི་ཁོངས་སུ་གཏོགས
མ་གཞི་གནས
ང་། ཁྱོད ཁོ༼མོ༽
ཞེས་བའི་མིང་ཚིག་འདི་དག་ནི
ཇི་འདྲའི་རྒས་རྒྱུ་མེད་པ་ཞིག་རེད།
མཚམས་ལན་རེར
མི་ནི་ཡོད་ཀྱང་མེད་ཀྱང་རུང་།
འཇིག་རྟེན་འདི་སྔར་བཞིན་མེ་ལོང་ཞིག་རེད།
དེ་སྔ་མིག་ཟུང་ནི་ཁྱོད་ལ་ཐོགས་ཕྱིར
ཁྱོད་ཀྱིས་སྔོན་ལྟར་རང་ལ་དབང་བའི་མདུན་ལྗོངས་ཞིག་འཚོལ་ཆོག་རེད།
རྩོམ་ཁུངས། ངེད་དྲ་བ།