མཚན་མོ།
མཚན་མོ།༡
འདི་མཚན་མོ་རེད
མཚན་མོ ཡིག་འབྲུ་གཉིས་ཏེ
མ་ཚ་ན་བཞག་མཚན་དང་མ་ན་རོ་མོ་ཞེས
ཚིག་མཛོད་དག་ལས་རྙེད་ངེས་ཡིན
དེ་བཞིན་དུ་དེའི་དོན་གཅིག་མིང་གི་རྣམ་གྲངས་དང་ལྡོག་ཟླའི་དོན་ཡང
གལ་སྲིད་དགོས་པ་ཐོལ་བ་འདྲ་ཡོད་ན་ནི
སྣ་མི་འདྲ་བའི་གསལ་བཤད་དང་འགྲེལ་གསེད་གང་མང་བྱས་ཆོག་པ་སྟེ
གཉིད་ལམ་དུས ཡང་ན་བྱ་བྲལ
དེས་ཀྱང་མི་ཆོག་ན་ཁྱེད་གཉིད་ཁུགས་པའི་དུས་སྐབས་རེད་ཅེས་ཀྱང་བརྗོད་ཆོག
སྣ་མི་འདྲ་བའི་གསལ་བཤད་དང་འགྲེལ་གསེད་གང་མང་བྱས་ཆོག་པ་སྟེ
གཉིད་ལམ་དུས ཡང་ན་བྱ་བྲལ
དེས་ཀྱང་མི་ཆོག་ན་ཁྱེད་གཉིད་ཁུགས་པའི་དུས་སྐབས་རེད་ཅེས་ཀྱང་བརྗོད་ཆོག
མཚན་མོ་ནི
ནག་བུག་གེར་དང་རེས་གསལ་རེས་ཡིབ་ཀྱིས
ཡང་ན་ནག་ཤར་རེར་ཁྱོད་ཀྱི་མིག་ལམ་དུ་དཔྱངས་ཡོད་པའི་ཡོལ་བ་དེ་རེད
ནག་བུག་གེར་དང་རེས་གསལ་རེས་ཡིབ་ཀྱིས
ཡང་ན་ནག་ཤར་རེར་ཁྱོད་ཀྱི་མིག་ལམ་དུ་དཔྱངས་ཡོད་པའི་ཡོལ་བ་དེ་རེད
མཚན་མོ།༢
མཚན་མོ་ནི
ནག་མདོག་གི་འཇིག་རྟེན་ཞིག་སྟེ
དེའི་སྟེང་ལ་འོད་སྣང་གི་ཚོན་རྩི་འབྱུག་དགོས་ནས་ཡོད
ནག་མདོག་གི་འཇིག་རྟེན་ཞིག་སྟེ
དེའི་སྟེང་ལ་འོད་སྣང་གི་ཚོན་རྩི་འབྱུག་དགོས་ནས་ཡོད
མཚན་མོ་ནི་འདི་ལྟ་སྟེ
གཉིད
རྨི་ལམ
སད་མ་གཉིད
ཡང་ན་་་་་
སྐྱ་རེངས་ཀྱི་རེ་སྨོན་དང་བཅས་པ་ཡིན
གཉིད
རྨི་ལམ
སད་མ་གཉིད
ཡང་ན་་་་་
སྐྱ་རེངས་ཀྱི་རེ་སྨོན་དང་བཅས་པ་ཡིན
མཚན་མོ།༣
མཚན་མོ་ནི་འདི་སྟེ
གང་ལས་མཚམས་མཚམས་ལ་ཕྱེད་ཀ་ལྟར་སྣང་ཤིང
སྐབས་རེར་ཧྲིལ་བོ་བཞིན་སྣང་སྲིད་པ་ཡིན
ཡང་བཤད་ཚོད་མི་ཐུག་པ་ཞིག་ལ ལན་རེར་ཟླ་འོད་ཀྱང་ཡལ་ནས་འགྲོ་ངེས
གང་ལས་མཚམས་མཚམས་ལ་ཕྱེད་ཀ་ལྟར་སྣང་ཤིང
སྐབས་རེར་ཧྲིལ་བོ་བཞིན་སྣང་སྲིད་པ་ཡིན
ཡང་བཤད་ཚོད་མི་ཐུག་པ་ཞིག་ལ ལན་རེར་ཟླ་འོད་ཀྱང་ཡལ་ནས་འགྲོ་ངེས
འདི་ནི་མཚན་མོ་སྟེ
དེའི་རུམ་ཁོང་ལ་འཛུལ་ནས་ཀི་རིང་ཞིག་དང་བཅས
ང་ལ་ཟླ་བ་དགོས་ཞེས་འབོད་ན་འདོད
ག་ལེར་ག་ལེར
ཟླ་བའི་དཀྱིལ་འཁོར་ལས་ཁྱེད་ཀྱི་ཞལ་རས་མངོན་ཡོང་ཐག་ཆོད་ཡིན།
དེའི་རུམ་ཁོང་ལ་འཛུལ་ནས་ཀི་རིང་ཞིག་དང་བཅས
ང་ལ་ཟླ་བ་དགོས་ཞེས་འབོད་ན་འདོད
ག་ལེར་ག་ལེར
ཟླ་བའི་དཀྱིལ་འཁོར་ལས་ཁྱེད་ཀྱི་ཞལ་རས་མངོན་ཡོང་ཐག་ཆོད་ཡིན།
༢༠༡༠།༡༢།༡༧ལ།
རྩོམ་ཁུངས། ངེད་དྲ་བ།