མཚན་མོ་དང་ང་།

སད།༼བོད་ལྗོངས་སློབ་ཆེན༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-12-22

 

མཚན་མོ་འདིས་ང་བཟའ་བཞིན་ཡོད།
ངས་མཚན་མོ་གླེང་བཞིན་ཡོད།
ལྟོས་དང།  འཇིགས་རུང་གི་མཚན་མོ་ཞིག།
་་་་་་་་་་་་་་་་་་་་་་་་་་་་་་་
ཁ་སང་ཁྲོམ་ནས་འཐུག་པའི་བུ་མོ་དེ།
ཚ་རུའི་སྟོད་ལྭ་ཞིག་བསྣབས་ཡོད་ལ།
ཞལ་ཁེབས་ཤིག་བཀྱོན་འདུག།
ཅི་འདྲའི་ཡིད་དུ་འོངས་ཤིང་ཡ་མ་བཟུང་གི་མཚན་མོ་ཞིག།
བྱ་རྒྱལ་འུག་པ་དང་རལ་གྲི་ཚོ་གང་དུ་བཞུད་སོང།
མཚན་མོ་འདིར།  ང་གཅིག་པུ་ཡིན་པ་འདྲ།
ང་གཅིག་པུ་ཡིན་པ་འདྲ།
ངས་ཅི་ཞིག་བཙལ་ནས་ཡུན་རིང་འགོར་སོང།
ད་ལྟ་ཤེས་གསལ། མཚན་མོ་ནི་མཚན་མོའི་མཆེ་བའི་རྩེ་ལ་བསྐྱོན་འདུག།
ཅི་འདྲའི་མཛེས་སྡུག་ལྡན་པའི་མཆེ་བ་ཞིག།
ངས་ང་རང་བརྙེད་པ་ཧ་ཅང་འཕྱིས་སོང་བ་མིན་ནམ།
ཡེ་ཤེས་མཚོ་མོ་ལགས།
ངས་ཁྱེད་རང་རྒྱུན་དུ་ནས་གླེང་བཞིན་ཡོད།
མཚན་མོ་འདིས་མཚན་མོ་གླེང་བཞིན་ཡོད།
འོད་གསལ་ཡང་མིན་ལ་ནམ་མཁའ་ཡང་མིན།
མི་མགོ་སྐམ་པོ་ལྟ་བུའི་མཚན་མོ་ཞིག།
དོ་དགོང་གི་མཚན་མོ།
མཚན་མོ་དང་ང།
ད་དུང་ཁྲག།  
ཁྲག།    
ཁྲག།  
               
                        ༢༠༡༠ལོའི་ཟླ་༡༢པའི་ཚེས་༡༦གི་ཐོ་རངས་ཆུ་ཚོད་༤པར།
                                    གླིང་སྐོར་ལམ་ལས།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཚན་མོ་དང་ང་།

2010-12-22 སད།༼བོད་ལྗོངས་སློབ་ཆེན༽ ཀློག་གྲངས། མཆན ཡོད།

 

མཚན་མོ་འདིས་ང་བཟའ་བཞིན་ཡོད།
ངས་མཚན་མོ་གླེང་བཞིན་ཡོད།
ལྟོས་དང།  འཇིགས་རུང་གི་མཚན་མོ་ཞིག།
་་་་་་་་་་་་་་་་་་་་་་་་་་་་་་་
ཁ་སང་ཁྲོམ་ནས་འཐུག་པའི་བུ་མོ་དེ།
ཚ་རུའི་སྟོད་ལྭ་ཞིག་བསྣབས་ཡོད་ལ།
ཞལ་ཁེབས་ཤིག་བཀྱོན་འདུག།
ཅི་འདྲའི་ཡིད་དུ་འོངས་ཤིང་ཡ་མ་བཟུང་གི་མཚན་མོ་ཞིག།
བྱ་རྒྱལ་འུག་པ་དང་རལ་གྲི་ཚོ་གང་དུ་བཞུད་སོང།
མཚན་མོ་འདིར།  ང་གཅིག་པུ་ཡིན་པ་འདྲ།
ང་གཅིག་པུ་ཡིན་པ་འདྲ།
ངས་ཅི་ཞིག་བཙལ་ནས་ཡུན་རིང་འགོར་སོང།
ད་ལྟ་ཤེས་གསལ། མཚན་མོ་ནི་མཚན་མོའི་མཆེ་བའི་རྩེ་ལ་བསྐྱོན་འདུག།
ཅི་འདྲའི་མཛེས་སྡུག་ལྡན་པའི་མཆེ་བ་ཞིག།
ངས་ང་རང་བརྙེད་པ་ཧ་ཅང་འཕྱིས་སོང་བ་མིན་ནམ།
ཡེ་ཤེས་མཚོ་མོ་ལགས།
ངས་ཁྱེད་རང་རྒྱུན་དུ་ནས་གླེང་བཞིན་ཡོད།
མཚན་མོ་འདིས་མཚན་མོ་གླེང་བཞིན་ཡོད།
འོད་གསལ་ཡང་མིན་ལ་ནམ་མཁའ་ཡང་མིན།
མི་མགོ་སྐམ་པོ་ལྟ་བུའི་མཚན་མོ་ཞིག།
དོ་དགོང་གི་མཚན་མོ།
མཚན་མོ་དང་ང།
ད་དུང་ཁྲག།  
ཁྲག།    
ཁྲག།  
               
                        ༢༠༡༠ལོའི་ཟླ་༡༢པའི་ཚེས་༡༦གི་ཐོ་རངས་ཆུ་ཚོད་༤པར།
                                    གླིང་སྐོར་ལམ་ལས།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།