མཆོད་མེ།
ཉེ་འབྲེལ་ཟབ་པའི་ཚེ་འདས་ཤིག་ལ
གློ་བུར་བ་ཞིག་ལ
བདག་གིས་སུ་ཞིག་དྲན་པ་བརྗོད་ཐབས་དཀོན
དུས་ཚོད་ཀྱི་འཇབ་རྒོལ་བར་ནས
འཇིག་རྟེན་ལ་བདེ་མོ་བཞག་པའི་དོན་དངོས་དེ
འཇའ་ཚོན་ལྟར་འཛིན་རེག་བྲལ་ཡང
སུ་ལ་འང་ཤ་འབྲེལ་ཟབ་ཅིང
གང་ལ་ཡང་བརྩེ་དྲོད་འཁྱིལ་བའི
ང་དང་མིང་སྲིང་ཚོ་ལ
ཡུམ་ཆེན་ལྟར་བྱམས་པའི
མ་ཡུམ་ལྷག་མ་ཞིག་ཡོད་འདྲའི་སྣང་བ་དེ་ནི
ཁྱེད་རང་འཚོ་གཞིས་སྐབས་ཀྱི་མཛེས་སྡུག་གི་དྲོད་ཐིག་ཅིག
གྱེས་བྲལ་དེ་དཔག་ཚད་གང་གིས་ཀྱང་འཇལ་ཐབས་དཀོན་པས
བདག་ལ་རང་དབང་མེད་པར མང་པོ་མང་པོ་ཞིག་དྲན་དུ་བཅུག
འདས་དོན་གྲངས་མེད་ཀྱི་ཕག་རྒྱབ་ན་བཞུགས་པའི
ཁྱེད་དང་བདག་གི་ཕ་མ་ཟུང ད་དུང་སོང་ཟིན་པའི་བགྲེས་པོ་དག་གི་རྐང་རྗེས་དེད་ན
ཁྱིམ་གཞི་འདི་དག་ནི་ཕྱོགས་བཞིར་བརྐྱང་བའི་ལྗང་མདོག་གི་ཡལ་འདབ་རེ་རེ་ཡིན་སྲིད
ཡང་སྙིང་གི་འཁྲི་ཤིང་དེ་ནི
ང་ཚོའི་མཐུན་མོང་ལྟ་བུའི
གསེར་གྱི་ཀ་རྡོ་རྐང་གཅིག་མ་ཡིན་ནམ
གང་ལྟར ཁྱེད་ནི་ང་རྒྱལ་དང་བདེན་སྟོབས་ཀྱིས་བཞུད་སོང་བར
བདག་ལ་ཡིད་ཆེས་དང་རེ་བ་ཟབ
འདི་ནི་ཁྱེད་ཀྱི་གཅེས་ཕྲུག་ཚོ་དང
ང་དང་མིང་སྲིང་དག་གིས
ནམ་ཡང་བརྩོན་དགོས་པའི་འོས་འགན་ཞིག་ཡིན་ངེས
2010.12.16ལན་གྲུ་ནས།
རྩོམ་ཁུངས། ངེད་དྲ་བ།