སྒལ་ཚིགས།

སའི་གོ་ལའི་སྒལ་ཚིགས་སུ་བསྔགས་པའི་གངས་རི་འདི་ངའི་ཕ་ཡུལ་ཡིན་ན།
ང་ནི་དེའི་སྟེང་གི་ལྷུ་ཚིགས་ཤིག་སྟེ།
ཁྲག་དྲོན་མ་ཡལ་བའི་ལྷུ་ཚིགས་གསོན་པོ་ཞིག་ཡིན་འོས།
 
ཁ་སང་།
སྒལ་ཚིགས་ཁ་ནས་གླེང་མ་མྱོང་བའི་སྒལ་ཚིགས་ཅན་དེ་ཚོས།
རང་ཉིད་ནས་དབུ་བརྩམས་ཏེ།
དོན་སྙིང་ནས་ལམ་ལ་ཆས་ཏེ།
ལྷུ་ཚིགས་དང་ལྷུ་ཚིགས་མཐུད་དེ།
སྒལ་ཚིགས་དང་སྒལ་ཚིགས་སྦྲེལ་ནས།
དཀར་གཙང་གི་གངས་རིའི་རུས་སྒྲོམ་སྐྲུན་ལ།
རྔམས་མཐོ་བའི་འཇིག་རྟེན་གྱི་སྒལ་ཚིགས་བཞེངས།
 
འདི་ལྟར་བསམ་ན། སྒལ་ཚིགས་ནི་མཐུན་སྒྲིལ་གྱི་ནང་སྙིང་དང་སྟོབས་ཤུགས་ཀྱི་འབྱུང་རྩ་དེ་ཡིན་འདུག
འདི་ལྟར་དྲན་ན། སྒལ་ཚིགས་ནི་ལྷད་མ་འདྲེས་པའི་རང་གཤིས་དེ་དང་དྲོད་མ་ཡལ་བའི་བཙན་པོའི་སྙིང་སྟོབས་དེ་ཡིན་འདུག
 
དེ་རིང་།  ངས་འདི་ན།
ང་དང་ཁྱོད་ལ་སྒལ་ཚིགས་ཡོད་མེད་ཀྱི་རྩོད་གཞི་ཞིག་སློང་གིན་ཡོད།
ད་དུང་ཆང་རག་གི་རྔམས་ཁ་ནས།
སྒལ་ཚིགས་ཀྱི་རྩ་འགྲེལ་དང་ཡང་འགྲེལ་ཞིག་ཀྱང་རྩོམ་གྱིན་ཡོད།
སླ་མོར་བཤད་ན།  ངས་སྒལ་ཚིགས་གླེང་བཞིན་ཡོད།
 
འོན་ཀྱང་། སྐབས་རེར།
མེ་ལོང་གི་མདུན་ནས་ཁེར་རྐྱང་ངང་བསམ་བློ་རེ་བཏང་ན།
སྒལ་ཚིགས་ནི་ཁ་ནས་གླེང་མ་དགོས་པའི།
བདག་གི་མེས་པོས་ཆེད་དུ་བྲིས་པའི།
ངའི་ཐོད་པའི་ཨ་ཡིག་གསེར་བྲིས་མ་དེ་རང་རེད་ཨང་།
 
དྲང་མོར་བཤད་ན།
མིའི་སྒལ་ཚིགས་ནི་མི་མི་རུ་བཞེངས་བྱེད་ཀྱི་སྔོན་འགྲོ་ཅིག་ཡིན་ན།
མི་ལ་མིའི་སྒལ་ཚིགས་ཡོད་མེད་ཀྱི་རྩོད་པ་དང་།
རང་ལ་རང་གི་སྒལ་ཚིགས་སྣང་མིན་གྱི་དོགས་པ་འདི།
དོན་ངོ་མར།  རིགས་པ་ཕྲ་རགས་གང་ཞིག་གི་ཤེས་རྟོགས་དེ་ཡིན་ནམ།
སྒལ་ཚིགས་སྲ་མོ་གང་ཞིག་འཐོར་བཞིན་པའི་སེམས་གཅོང་དེ་རེད་ཨང་།
                                                                 ༢༠༡༠.༥.༡༦ཉིན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒལ་ཚིགས།

2010-12-19 ཨ་སྒམ་སྨྱོན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།