ཆབ་ཆ་ནས་དྲན་པ།

བྱ་གཞུང་སྦྲ་སྲས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2010-12-17

མི་ལོ་དྲུག་འགོར་ཟིན་པའི་དེ་རིང་གི་ཆབ་ཆ་སྔར་བཞིན་རླུང་རླབས་ཁྲོད་སྐྱོམས
མེ་ཏོག་གི་འཇིག་རྟེན་ལ་དུངས་སྣང་མོད་པོའི་ང་ད་ལྟ་གནས་འདིར་ཐོན་ཡོད
མིང་དུ་གྲགས་པའི་མི་རྐྱང་གདོང་ཁ་ནས་སུ་དང་གང་ཡང་མཐོང་ཐུབ་པའི་ཆབ་ཆ
སྔར་བཞིན་ང་དང་ངའི་ཉེ་འཁོར་ན་རྡུལ་རླུང་བཞིན་གཡོ

སྔོན་ཆད་སྔོན་ཆད་ཅིག་ལ་ངའི་ཁྱོད་ཀྱི་ངོ་གདོང་ངོ་མ་དེ་ཀློག་མ་ཐུབ་ན་ཡང
ཀ་ཁར་སུན་སྣང་སྐྱེས་པའི་མགོ་དཀར་བ་དག་གི་སྡུག་དམོད་དང་སྨེ་ངག་ཐོས་མྱོང
གསེར་ཆེན་རི་བོའི་གདོས་ལ་མཉམ་པའི་སྐྱེས་ཆེན་ཞིག་གི་རྟོགས་བརྗོད་ཡང་བཀླགས་མྱོང
ཁྲི་ཤོར་རྒྱལ་མོའི་མངའ་ཐང་ལ་ངོམ་པའི་དམ་པ་ཞིག་གི་སྐྱོ་གར་ཡང་མཐོང་མྱོང
ཆབ་ཆ་ནས་ཆང་ལ་གོམས་པའི་ལང་ཤོར་གྱི་སྙན་ངག་པ་ཆུང་ཆུང་ཞིག
ཡང་བསྐྱར་འཚོ་ལམ་མ་རྙེད་པའི་ས་མཐའི་སྤྲང་བོ་བཞིན་ཁྱོད་ལ་དུངས་བའི་
སེམས་པ་གསོན་པོ་ཞིག་བཟུང་ནས་ཕྱིར་ཐོན་ཡོད

ཅི་ལ་ཡང་ཞེད་སྣང་མེད་པའི་ཨ་མའི་པང་གི་ཁྱེའུ་ཆུང་ཆུང་ལྟ་བུའི་ཆབ་ཆ་ཡྰ
ད་ལྟ་ཁྱོད་ཀྱིས་ངའི་བླ་སྲོག་གི་ཕྱེད་ཀ་དེ་ཡང་ཐལ་བའི་རྡུལ་དུ་བརླགས་སོང
ད་ལྟ་ཁྱོད་ཀྱིས་ངའི་སོས་ཐབས་དབེན་པའི་རྨ་ཁ་དེར་ཡང་བསྐྱར་ཚྭ་ཆུ་བྱུགས་སོང
ཁྱོད་ནི་དངོས་གནས་བཙན་པོའི་བང་སོར་འབྲེལ་བ་མེད་པའི་པྰ་ཐུར་གྱི་གདོང་རུས་ཡིན་ནམ
ཁྱོད་ནི་དངོས་གནས་གདོང་དམར་བའི་ལས་དབང་བཅོམ་པའི་དམར་ཤོག་གི་བཀའ་བརྡ་ཡིན་ནམ
ཁྱོད་ཀྱིས་ཅིའི་ཕྱིར་འདས་དོན་གྱི་རི་མོའི་འོད་ཐིགས་ལ་སྤགས་བཙོག་བཟོ་དགོས་སམ

མགར་སྟོང་བཙན་གྱི་ངག་རྒྱུན་མོད་སའི་གསེར་ཆེན་རི་བོའི་འདབས་རོལ
རྗེ་བླ་མས་རྫུ་འཕྲུལ་སྟོན་སའི་ཁྲི་ཤོར་རྒྱལ་མོའི་ཉེ་འགྲམ
གླིང་ཁྲོ་ཐུང་བདུད་ཀྱིས་ཁྱེར་བའི་ཏུའུ་ཐང་རིང་མོའི་ཁུགས་སོ
བོད་དཔའ་བོ་བཙོན་དུ་འཇུག་སའི་ཐང་དཀར་མ་སོགས་ལ་བསམ་ན
ཆབ་ཆ་ནི་དངོས་གནས་ལོ་རྒྱུས་ཀྱིས་བརྗེད་ཐབས་མེད་པའི་རྡོ་རིང་ཞིག

ལྡོག་བཞུར་ཆུ     རིག་སྨོན་གྲོང    ལུང་གཡང་འགག
ཆབ་ཆ་ལ་མ་འཛོམས་པའི་རང་བྱུང་གི་མཛེས་ལྗོངས་ཤིག་མེད་ན་ཡང
ཆབ་ཆ་ནས་དྲང་བདེན་གྱི་རང་གཤིས་མ་ཉམས་པའི་མི་བུ་ཞིག་ཇི་ལྟར་རྙེད
ཆབ་ཆ་ནས་བླ་སྲོག་སྲུང་བའི་པུར་སྙུག་གི་མཁན་པོ་ཞིག་ཇི་ལྟར་བཙལ

ཆབ་ཆ་ནས་ང་སྔར་བཞིན་ཁེར་རྐྱང་ཡིན་རུང་ནོངས་འགྱོད་མེད
ངས་སུ་ལ་དུངས་པའི་སེམས་གཏམ་གྱི་རྒྱགས་ཕྱེ་དེ་སྔར་བཞིན་སྙིང་ཁོངས་སུ་སྤས་ཆོག
ཆབ་ཆ་ནས་ང་སྔར་བཞིན་སྙན་ངག་པ་ཡིན་པའི་འགན་འཁྲི་ད་རུང་སྲུང་ཆོག
མི་རྐྱང་གདོང་ཁའི་འགྲོ་འདུག་གིས་ང་ལ་མིག་ཆུ་བསླངས་ན་ཡང
བདེ་སྐྱིད་ཐང་གི་ལྷིང་འཇགས་དེས་ང་ལ་ཞི་བདེ་སྟེར་སྲིད

ཆབ་ཆ་ནི་ཆང་ལ་གོམས་པའི་སྙན་ངག་པ་ཞིག་གིས་དབང་སྒྱུར་བྱེད་མ་ཐུབ་ན་ཡང
ཆབ་ཆ་ནས་ཆང་དང་སྙན་ངག་ལ་སོས་དལ་གྱིས་རོལ་ཆོག
དབྱངས་གསལ་སོ་བཞིའི་རྒྱན་ཆ་མེད་པའི་ཆབ་འགག་གསེར་གྱི་གཞོང་བ
བསྲེས་སྐད་ཏ་ཏིག་གི་ཆོ་འཕྲུལ་མང་སའི་ཆབ་ཆའི་ཡུལ་གྱི་འབངས་ཚོགས
མི་ལོ་ཇི་འདྲ་འགོར་རུང་ངའི་སྙུག་རྩེ་ནས་ཡལ་ཐབས་མི་འདུག

ཆབ་ཆ་ལ་དུངས་བའི་སེམས་པ་དེས་དབང་གིས
ངས་ནམ་ཡང་ཆབ་ཆ་ནས་ཆབ་ཆ་གཞན་ཞིག་དྲན་འོངས
              སྤྱི་ལོ་ཉིས་སྟོང་བཅུ་ལོའི་ཟླ་བ་བཅུ་གཅིག་པའི་ཚེས་དྲུག་ཉིན་གཞུང་ལས་ཁང་ནས་བྲིས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཆབ་ཆ་ནས་དྲན་པ།

2010-12-17 བྱ་གཞུང་སྦྲ་སྲས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།