མཆོད་མེ།
སྤྲིན་དཀར་གྱི་བ་གམ་བརྩེགས་པའི་ཀློང་རིམ་ནས།
སྐྱེ་འགྲོར་ངག་རིག་སྩོལ་བའི་ལྷ་ཆེན་པོ།
གླིང་འདིའི་སྐྱེ་བོའི་ངག་གི་རྩུབ་རེག་དང༌།
མེད་མུག་གི་ར་རི་འདི་དག
བྱམས་བརྩེ་དང་འོད་ཟེར་གྱི་དཀྱིལ་འཁོར་ཡིན་པའི།
ཁྱེད་ཀྱིས་བསལ་བར་མཛད།
ཤ་རུས་དང་ཁྲག་དྲོན་གྱི་ལུས་ཕུང་འདི།
གསེར་ནག་གི་སྙན་ཚིག་ཏུ་བསྒྲོན་ཏེ།
སྔར་ནས་སྦར་ཡོད།
རྩོམ་ཁུངས། ངེད་དྲ་བ།