ན་རོའི་སྙན་ངག་གསར་བ་ཞིག
༼ཟ་མ་བཟའ་བའི་དབང་ཆ༽
ཡར་ཀླུང་གི་ནས་འབྲུ་ལ་སྟོད་གཞས་ཕུལ་མྱོང་བའི་བསིལ་བསིལ་རླུང་བུ
ལྷ་སའི་དུས་ཚོད་ལ་སྐ་རགས་འཐག་མྱོང་བའི་སྐྱིད་ཤོད་གྲོག་ཆུ
སྨྲ་མི་ཤེས་ཤིང་དོན་མི་གོ་བ་འདི་དག
ལྡེབས་རིས་ཀྱི་བློས་བསླངས་བཞིན
དམར་ཆུང་བྱུ་རུ་བཞིན
ཡར་ཀླུང་གི་ནས་འབྲུ་ལ་སྟོད་གཞས་ཕུལ་མྱོང་བའི་བསིལ་བསིལ་རླུང་བུ
ལྷ་སའི་དུས་ཚོད་ལ་སྐ་རགས་འཐག་མྱོང་བའི་སྐྱིད་ཤོད་གྲོག་ཆུ
སྨྲ་མི་ཤེས་ཤིང་དོན་མི་གོ་བ་འདི་དག
ལྡེབས་རིས་ཀྱི་བློས་བསླངས་བཞིན
དམར་ཆུང་བྱུ་རུ་བཞིན
ང་ཡི་གཡོས་ཁང་ནང་གི་གྲོ་ཕྱེ་དང་རྩམ་པ
ཝུ་བ་དང་འདྲ་བར་འཁོར་བའི་ཕོ་བྲང་ན་ཧལ
སྒེའུ་ཁུང་ནས་བལྟས་ན
ཚོད་མའི་སྔོ་མདངས་དང་ཞོག་ཁོག་གི་མཛེས་སྡུག
མི་སེར་གྱིས་མ་ཁུག་པའི་ཐང་ག་གོང་ཅན་ཞིག་དང་མཚུངས
ཝུ་བ་དང་འདྲ་བར་འཁོར་བའི་ཕོ་བྲང་ན་ཧལ
སྒེའུ་ཁུང་ནས་བལྟས་ན
ཚོད་མའི་སྔོ་མདངས་དང་ཞོག་ཁོག་གི་མཛེས་སྡུག
མི་སེར་གྱིས་མ་ཁུག་པའི་ཐང་ག་གོང་ཅན་ཞིག་དང་མཚུངས
ཟ་མ་བཟའ་བའི་དབང་ཆར་ཡང་སེར་ག་གས་དུས
ངས དཔེ་ཆ་དང་ཡིག་འབྲུ་ལ་ས་སྟོང་ཞིག་གཡར་ཏེ
ལྷ་སྒྲུང་དང་ཆོས་ལུགས འཇོར་དང་ལྕགས་ཁེམ
དེ་གར་སྦས་ན་སྙམ
༢༠༡༡ ༣ ༢༠
ངས དཔེ་ཆ་དང་ཡིག་འབྲུ་ལ་ས་སྟོང་ཞིག་གཡར་ཏེ
ལྷ་སྒྲུང་དང་ཆོས་ལུགས འཇོར་དང་ལྕགས་ཁེམ
དེ་གར་སྦས་ན་སྙམ
༢༠༡༡ ༣ ༢༠
རྩོམ་ཁུངས། ངེད་དྲ་བ།