ཀྱེ། བདག་གི་ལྷ་མོ།
ལྷ་མོ མི་ཡུལ་ན
ལོ་མའི་གཤོག་རྡེབ་ཀྱི་རྣོ་གྲི་ཡོད
དེ་ཡིས སེམས་པའི་གཏིང་སར་ཟུག་པའི་བརྩེ་བ་ཡི་རྡུལ་ཕྲན་ཞིག་མིན་ན
ཡོད་ཚད་དུམ་བུར་དུམ་བུར་གཏུབ་འགྲོ
ཀྱེ བདག་གི་ལྷ་མོ
བདག་ལ་ཁྱོད་ཀྱི་སོར་གདུབ་མི་དགོས
བརྩེ་བའི་ཆུ་རྡུལ་ཞིག་སེམས་དང་སེམས་པར་ཐིམ་ཡོད་ན
ང་དེ་ལས་ཅི་ཡང་མི་དགོས
༢༠༡༡ ༣ ༡༩
རྩོམ་ཁུངས། ངེད་དྲ་བ།