དཔྱིད་གླུ་ཐུང་ཐུང་ཞིག
ནགས་ཚང་ཚང་གཡུ་ལོའི་ཁྲོད་ནས།།
བྱ་ཁུ་ལོས་གསུང་སྙན་སྒྲོག་དུས།།
དཔྱིད་དགའ་མའི་འཛུམ་ཞལ་མངོན་པས།།
སེམས་དགའ་བའི་གླུ་ཆུང་ལེན་འགྲོ།།
དགུང་ཨ་སྔོན་གུར་ཁྱིམ་ནང་ནས།།
འབྲུག་ཕོ་ཆུང་ལྷུང་ལྷུང་གྲགས་དུས།།
ཆར་བསིལ་མའི་དངོས་གྲུབ་བསྩོལ་བས།།
སྤང་མེ་ཏོག་སོ་ཕྲེང་ངོམ་སོང༌།།
དཔྱིད་ཉི་མས་འོད་ཟེར་འཇམ་པོས།།
འབྲོག་རྩྭ་ཐང་བྱམས་ཀྱིས་སྐྱོངས་དུས།
རྟ་ནོར་ལུག་འཕེལ་ཁ་རྒྱས་པས།།
འབངས་འཚོ་བ་ལྷ་ལ་འགྲན་ནོ།།
---2011.3.13ཉིན།
རྩོམ་ཁུངས། ངེད་དྲ་བ།