ང་། མ་ལོའི་སེམས་ནང་གི་མིག་འབྲས་ཡིན།
སྐར་ཚོགས་མཁའ་དབྱིངས་སུ་བརྒྱུས་པའི་མཛེས་པ་དེ
ངའི་སེམས་ཁོངས་ནས་འཕྱོ་བའི་མཚར་སྡུག་གི་རླབས་རིས་ཐོག་མ་དེ་ཡིན་སོང
ལུང་དུ་མི་སྟོན་པའི་ཨག་སྐད་ཅིག དྭངས་གཙང་གི་རྫི་གླུ་ཐན་ཐུན་རེ དཔེ་ཀློག་གི་དབྱངས་རྟ་གསོན་པོ་ཞིག
ལོ་ཟླའི་བང་ཁ་ནས་དལ་གྱིས་གྱེར་ཞིང་ཐོལ་གྱིས་རྒྱུ
སྲིན་པོ་རྫ་འདབས་ནས
གོམ་པའི་འདེགས་འཇོག་ས་ཆེན་གྱི་སྙིང་དུ་ཕབ་པ་ནས་བཟུང
ངས་རང་ཉིད་ནི་གཞི་ནས་ས་ཆེན་པོའི་ཁྲག་རྩ་ཕྲན་བུ་ཞིག་དང
བར་སྣང་སྟོང་དབྱིངས་སུ་བསྐྱོད་པའི་སྤྲིན་པ་ལེབ་མོ་ཞིག་ཀྱང་ཡིན་པའི་ཚོར་སྣང་སྐྱེས་མྱོང
ཡིན་ཡང སེམས་མཐོ་ས་ཞིག་ལ་འཛེགས་ནས་དོན་ཐང་ཆེན་འདྲ་བར་ཐུར་ལྟ་རེ་བྱེད་དུས
སུས་ང་རང་ཚོ་འཇིག་རྟེན་འདིའི་མངའ་བདག་ཡིན་པར་ངཀའ་ཕབ་མེད་ལ
གང་གིས་རང་ཅག་ནི་ལས་དབང་གི་ཁོལ་བོ་ཡིན་པར་རྟགས་ཀྱང་བཏབ་མི་འདུག
དེ་བས་ན འཚོ་བའི་ཐག་སྣེ་རུ
ཁོ་བོས རང་ཉིད་ནི་རང་གི་ལུས་ངག་ཡིད་གསུམ་གྱི་བདག་པོ་རྣལ་མ་དང
སྐྱེ་དགའ་ན་འཆིའི་བར་ཐག་འདོམས་གྱིས་འཇལ་མཁན
ད་དུང་ཤེས་རྨོངས་ཞེས་པའི་ངའི་ཕ་གཞིས་ལ་བཙན་གྱིས་རྒོལ་བའི་བདུད་སྡེ་འཇོམས་པར་བྱེད་མཁན་ཉིད་ལས
ད་དུང དུས་དང་རྣམ་པ་ཀུན་ཏུ
སྙིང་ཉེ་བའི་དྲིན་ཆེན་མ་ལོའི་སེམས་ཁོངས་ན་ཆེ་ཆེར་བཀྲ་བའི
སྒོར་སྒོར་ཟུང་གི་མིག་འབྲས་ཡིན་པ་ག་ལ་བརྗེད

༢༠༡༡ ༡ ༥
རྩོམ་ཁུངས། ངེད་དྲ་བ།