ལྷ་ཚོགས་ཀྱིས་བཞེངས་པའི་འཇིག་རྟེན།

སྤྱང་ལྟོགས་ཁྲིད་རྒོད། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-03-20

 

སྲིད་པ་ཆགས་པ་ནས་བཟུང་འཇིག་རྟེན་གྱི་དཀར་ནག་དབྱེ་སྟངས
འཇའ་མཚོན་སྣ་ལྔ་ལས་བཞེངས་བའི་གཟུགས་མེད་ཀྱི་ལྷ་ཚོགས
སྨུག་ནག་པའི་འཇིགས་སྣང་གི་དྲ་ངོས་སུ
འོད་སྣང་གི་ཉི་རྡུལ་རེ་འཕྲོས་དུས་སྙིང་མགོར་བསྣུན་པ་ལྟ་བུའི་ན་ཟུག་སྦྱིན་པ་ནི་ག་ལ་ང
 
གློག་ཞགས་ཀྱི་འཕེན་སྟངས་དང་ས་ཡོམ་གྱི་འགུལ་སྟངས
དབྱར་དུས་ཀྱི་ཚ་བ་དང་དགུན་དུས་ཀྱི་ལྷགས་རླུང
ད་དུང
འཇའ་མཚོན་དང་སྤྲིན་གཟིགས་སྣ་ཚོགས
 
ཉི་ཟླ་གཟའ་བཟུང་གི་སྣང་ཚུལ་ཡང་ལྷ་ཡི་སྤྱན་བྱས་བ་ཡིན་ལ
རང་བྱུང་གི་ཆགས་འཇིག་གང་མང་ཡང་ལྷ་འདྲ་གདོན་བགེགས་ཀྱིས་གནོད་བྱས་བ་རེད
 
རྩ་གཅིག་མ་ཚང་ན་ལྟ་ལོག་པར་འགྱུར་བ་ནི་ལོ་རྒྱུས་ཀྱི་འགྲོ་ཕྱོགས་ཡིན་ལ
བུང་བུ་ལ་གཤོག་པ་སྤྲད་ན་འཕྱ་བའི་གནས་སུ་འགྱུར་བ་ནི་སྨྲས་མེད་རེད
 
འཇིག་རྟེན་ན་ལྷ་མང་བས་མི་ནི་སྒོ་ཁྱི་ཡིན་ལ
འཇིག་རྟེན་ན་འདྲེ་མོད་པས་མི་ནི་སྒོ་ཕྱུགས་རེད
 
དུས་རབས་ཀྱི་མགྱོགས་འགྲོས་ཁྲོད་ན
ལྷ་འདྲེ་གང་མང་ཞིག་གི་ཝ་རྔ་གཡུགས་ཀྱང
སྔར་བཞིན་ཡུ་ཐོ་ལ་ཕྱག་འཚལ་དོན་ནི་ཅི
 
མཐའ་ཡས་བའི་རྩྭ་ཐང་ན་ལྷ་ཚོགས་ཀྱིས་གླུ་ལེན་བཞིན་ཡོད་ལ
བཅུད་འཛོམས་པའི་གྲོང་ཁྱེར་ན་ལྷ་ཚོགས་ནི་རྩེད་མོ་རྩེ་གིན་འདུག
 
མཆོད་རྟེན་དང་དགོན་པ་ནི་ལྷ་ཚོགས་ཀྱི་བཞུགས་བརྟེན་ཡིན་ལ
དུ་ཁྲོད་དང་བྲག་གསེབ་ནི་འདྲེ་ཚོགས་ཀྱི་ཁྱིམ་གཞི་རེད
 
རུས་རྐང་མོད་པའི་དུ་ཁྲོད
བསང་དྲི་འཐུལ་བའི་དགོན་སྡེ
ཕྲ་མཐོང་ཆེ་ཤེལ་ལྟ་བུའི་བློ་མིག
གསེར་ཞུན་ལས་དྭངས་བའི་མཇུག་འབྲས
 
ང་ནི་ང་ཡིན་པས་ལྷ་ཚོགས་ཀྱིས་རོགས་བྱེད་མི་སྲིད་ལ
འདྲེ་ཚོགས་ཀྱིས་གནོད་ཀྱང་དེ་བས་བྱེད་མི་སྲིད

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་ཚོགས་ཀྱིས་བཞེངས་པའི་འཇིག་རྟེན།

2011-03-20 སྤྱང་ལྟོགས་ཁྲིད་རྒོད། ཀློག་གྲངས། མཆན ཡོད།

 

སྲིད་པ་ཆགས་པ་ནས་བཟུང་འཇིག་རྟེན་གྱི་དཀར་ནག་དབྱེ་སྟངས
འཇའ་མཚོན་སྣ་ལྔ་ལས་བཞེངས་བའི་གཟུགས་མེད་ཀྱི་ལྷ་ཚོགས
སྨུག་ནག་པའི་འཇིགས་སྣང་གི་དྲ་ངོས་སུ
འོད་སྣང་གི་ཉི་རྡུལ་རེ་འཕྲོས་དུས་སྙིང་མགོར་བསྣུན་པ་ལྟ་བུའི་ན་ཟུག་སྦྱིན་པ་ནི་ག་ལ་ང
 
གློག་ཞགས་ཀྱི་འཕེན་སྟངས་དང་ས་ཡོམ་གྱི་འགུལ་སྟངས
དབྱར་དུས་ཀྱི་ཚ་བ་དང་དགུན་དུས་ཀྱི་ལྷགས་རླུང
ད་དུང
འཇའ་མཚོན་དང་སྤྲིན་གཟིགས་སྣ་ཚོགས
 
ཉི་ཟླ་གཟའ་བཟུང་གི་སྣང་ཚུལ་ཡང་ལྷ་ཡི་སྤྱན་བྱས་བ་ཡིན་ལ
རང་བྱུང་གི་ཆགས་འཇིག་གང་མང་ཡང་ལྷ་འདྲ་གདོན་བགེགས་ཀྱིས་གནོད་བྱས་བ་རེད
 
རྩ་གཅིག་མ་ཚང་ན་ལྟ་ལོག་པར་འགྱུར་བ་ནི་ལོ་རྒྱུས་ཀྱི་འགྲོ་ཕྱོགས་ཡིན་ལ
བུང་བུ་ལ་གཤོག་པ་སྤྲད་ན་འཕྱ་བའི་གནས་སུ་འགྱུར་བ་ནི་སྨྲས་མེད་རེད
 
འཇིག་རྟེན་ན་ལྷ་མང་བས་མི་ནི་སྒོ་ཁྱི་ཡིན་ལ
འཇིག་རྟེན་ན་འདྲེ་མོད་པས་མི་ནི་སྒོ་ཕྱུགས་རེད
 
དུས་རབས་ཀྱི་མགྱོགས་འགྲོས་ཁྲོད་ན
ལྷ་འདྲེ་གང་མང་ཞིག་གི་ཝ་རྔ་གཡུགས་ཀྱང
སྔར་བཞིན་ཡུ་ཐོ་ལ་ཕྱག་འཚལ་དོན་ནི་ཅི
 
མཐའ་ཡས་བའི་རྩྭ་ཐང་ན་ལྷ་ཚོགས་ཀྱིས་གླུ་ལེན་བཞིན་ཡོད་ལ
བཅུད་འཛོམས་པའི་གྲོང་ཁྱེར་ན་ལྷ་ཚོགས་ནི་རྩེད་མོ་རྩེ་གིན་འདུག
 
མཆོད་རྟེན་དང་དགོན་པ་ནི་ལྷ་ཚོགས་ཀྱི་བཞུགས་བརྟེན་ཡིན་ལ
དུ་ཁྲོད་དང་བྲག་གསེབ་ནི་འདྲེ་ཚོགས་ཀྱི་ཁྱིམ་གཞི་རེད
 
རུས་རྐང་མོད་པའི་དུ་ཁྲོད
བསང་དྲི་འཐུལ་བའི་དགོན་སྡེ
ཕྲ་མཐོང་ཆེ་ཤེལ་ལྟ་བུའི་བློ་མིག
གསེར་ཞུན་ལས་དྭངས་བའི་མཇུག་འབྲས
 
ང་ནི་ང་ཡིན་པས་ལྷ་ཚོགས་ཀྱིས་རོགས་བྱེད་མི་སྲིད་ལ
འདྲེ་ཚོགས་ཀྱིས་གནོད་ཀྱང་དེ་བས་བྱེད་མི་སྲིད

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།