བྱང་ཐང་ནས་འོང་བ།
ཁྱེད་གནའ་མྱི་ཡི་ཁྲོད་ནས་ལོག་དུས
ཕ་ཡུལ་ནས་ལོག་པ་མ་བརྗེད
འོ་མ་ལ་རོལ་དུས་དགའ་མགུ་མ་ཚིམ
ཆར་བའི་ཁྲོད་ན་འགྱེལ་བའི་མི་ཕོ་ཚོ་མ་བརྗེད
ཁེད་རྡོ་འཕངས་ནས་རྩེད་རའི་ལྷགས་མ་འཇུ་དུས
དཔངས་གཞོང་སྐྱོང་བའི་བྲང་ས་ལས་བརྒལ་མི་ཐུབ་པར་གྱིས་ཤིག
ཁྱེད་མུ་མེད་ཀྱི་བྱང་ཐང་འགྲིམས་དུས
ཡར་ཀླུང་གི་ཆུ་བོ་མ་བརྗེད
རྨིལ་ལམ་ལ་རོལ་དུས་མདའ་གཞུ་མ་འབོར
སེམས་ཁ་ནས་བོར་བས་སྲོད་ཁའི་སྒྲ་དབྱངས་མ་བརྗེད
ཐུ་གུ་བརྒྱུས་འདྲའི་ཡིད་ཀྱི་བརླན་ས་སྙེགས་དུས
དྲན་གཞས་བྱིན་པའི་རྡོ་བ་ལས
སྙེགས་མི་ཐུབ་པར་གྱེས་ཤིག
2009.9.8
རྩོམ་ཁུངས། ངེད་དྲ་བ།