ཟི་ལིང་གི་མི་རྐྱང་ཚོ་འདར་གྱིན་འདུག

འཁྱམ་པོ་སྨྱུག་འཛིན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-03-19

 

ཉིན་འདི་དག་ལ་དཔྱིད་ཟླ་ཚེས་ཡོད་ནའང
ཟི་ལིང་གི་ནམ་ཟླ་ཇེ་འཁྱག་ཏུ་གྱུར་འདུག་པས།
ཁྱིམ་གཞི་མེད་པའི་མི་རྐྱང་ཚོ
ཆུང་མ་དང་ཁྱོ་ག་མེད་པའི་མི་རྐྱང་ཚོ
དཔུང་མེད་སྐྱབས་མེད་ཡིན་པས
མི་རྐྱང་ཚོ་གྲང་གིན་འདུག  འདར་གིན་འདུག
བར་འཁྱགས་འདི་བྱུང་བའི་ཉིན་འདི་དག་གི་རིང་ལ
ཉི་འོད་ལ་རེ་བའི་མིག་ཟུང་དེ་སྔ་མོ་ནས་ཕྱི་རོལ་ལ་ཕྱོགས་ཡོད་ནའང
གུ་དོགས་པའི་ཁང་མིག་འདིའི་དྲ་མ་དང་སྒོ་བར་ནས
རླུང་འཚུབ་དང་གྲང་ངར་ལས་ཅི་ཡང་ཐོན་རྒྱུ་མི་འདུག
དེ་བས  མི་རྐྱང་ཚོ་ཁོང་འདར་བརྒྱག་གིན་འདུག
མི་རྐྱང་ཚོ་ཁ་འདར་བརྒྱག་གིན་འདུག
ཁྱིམ་གཞི་དྲོན་མོ་ཞིག་དྲན་པའི་འདུན་པ་དེ་འགོག་ཐབས་མེད་པས།
མི་རྐྱང་ཚོས་འུར་བརྒྱག་འདོད་ཀྱིན་ཡོད་མོད།
མི་རྐྱང་ཚོས་ཁང་ཁྱིམ་གཡར་མ་ཡིན་པས
ཁང་བདག་གི་རྨི་ལམ་དཀྲོགས་འགྲོ་བསམ་ནས
མི་རྐྱང་ཚོ་ཁུ་སིམ་མེར་མི་འདུག་ག་མེད་བྱུང་།

མི་རྐྱང་ཚོས་ཝུ་ཆང་རེ་བཙན་གྱིས་འཐུང་བཞིན
གནས་ཚང་བཏང་བའི་གོ་རིམ་དང་
ཇག་པའི་ཁྱིམ་གཞི་འཕྲོག་པའི་གནའ་གཏམ་གླེང་བཞིན
སང་ཉིན་དང་སང་ཉིན་གྱི་བར་གླེགས་ནས
གཡང་ཁྱིམ་ཚང་གི་ཕ་ཤུལ་བུ་ཡིས་འཛིན་རྒྱུ་ཡིན་ཟེར་མོད།
འཆར་གཞི་གང་མང་ཞིག་ལག་ལེན་ལ་མི་ཐོབ་པས
ཁུ་སུམ་མེར་རྐང་ལག་འཐུ་སྣེ་ལ་བཅུག་སྟེ་ཨམ་གཙིགས་བསྡམས་ནས་བསྡད་ཡོད།
                                   2011 3 15 ཉིན་ཟི་ལིང་ནས།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཟི་ལིང་གི་མི་རྐྱང་ཚོ་འདར་གྱིན་འདུག

2011-03-19 འཁྱམ་པོ་སྨྱུག་འཛིན། ཀློག་གྲངས། མཆན ཡོད།

 

ཉིན་འདི་དག་ལ་དཔྱིད་ཟླ་ཚེས་ཡོད་ནའང
ཟི་ལིང་གི་ནམ་ཟླ་ཇེ་འཁྱག་ཏུ་གྱུར་འདུག་པས།
ཁྱིམ་གཞི་མེད་པའི་མི་རྐྱང་ཚོ
ཆུང་མ་དང་ཁྱོ་ག་མེད་པའི་མི་རྐྱང་ཚོ
དཔུང་མེད་སྐྱབས་མེད་ཡིན་པས
མི་རྐྱང་ཚོ་གྲང་གིན་འདུག  འདར་གིན་འདུག
བར་འཁྱགས་འདི་བྱུང་བའི་ཉིན་འདི་དག་གི་རིང་ལ
ཉི་འོད་ལ་རེ་བའི་མིག་ཟུང་དེ་སྔ་མོ་ནས་ཕྱི་རོལ་ལ་ཕྱོགས་ཡོད་ནའང
གུ་དོགས་པའི་ཁང་མིག་འདིའི་དྲ་མ་དང་སྒོ་བར་ནས
རླུང་འཚུབ་དང་གྲང་ངར་ལས་ཅི་ཡང་ཐོན་རྒྱུ་མི་འདུག
དེ་བས  མི་རྐྱང་ཚོ་ཁོང་འདར་བརྒྱག་གིན་འདུག
མི་རྐྱང་ཚོ་ཁ་འདར་བརྒྱག་གིན་འདུག
ཁྱིམ་གཞི་དྲོན་མོ་ཞིག་དྲན་པའི་འདུན་པ་དེ་འགོག་ཐབས་མེད་པས།
མི་རྐྱང་ཚོས་འུར་བརྒྱག་འདོད་ཀྱིན་ཡོད་མོད།
མི་རྐྱང་ཚོས་ཁང་ཁྱིམ་གཡར་མ་ཡིན་པས
ཁང་བདག་གི་རྨི་ལམ་དཀྲོགས་འགྲོ་བསམ་ནས
མི་རྐྱང་ཚོ་ཁུ་སིམ་མེར་མི་འདུག་ག་མེད་བྱུང་།

མི་རྐྱང་ཚོས་ཝུ་ཆང་རེ་བཙན་གྱིས་འཐུང་བཞིན
གནས་ཚང་བཏང་བའི་གོ་རིམ་དང་
ཇག་པའི་ཁྱིམ་གཞི་འཕྲོག་པའི་གནའ་གཏམ་གླེང་བཞིན
སང་ཉིན་དང་སང་ཉིན་གྱི་བར་གླེགས་ནས
གཡང་ཁྱིམ་ཚང་གི་ཕ་ཤུལ་བུ་ཡིས་འཛིན་རྒྱུ་ཡིན་ཟེར་མོད།
འཆར་གཞི་གང་མང་ཞིག་ལག་ལེན་ལ་མི་ཐོབ་པས
ཁུ་སུམ་མེར་རྐང་ལག་འཐུ་སྣེ་ལ་བཅུག་སྟེ་ཨམ་གཙིགས་བསྡམས་ནས་བསྡད་ཡོད།
                                   2011 3 15 ཉིན་ཟི་ལིང་ནས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།