ཧུབ་ཀྱིས་བཏུང་བའི་སྙན་ངག་གི་ཁྲག་རྒྱུན།

དུང་བུ་ཆོས་འབུམ་རྒྱལ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-03-18

                  ལྷ་ས།
ཆེས་མཐོ་བའི་དྭངས་གཙང་གི་སྤོ་ན   ཁྱོད་ནི་ཉི་འོད་ལྟར
གསལ་ཞིང་འཚེར   ཁ་རོག་གེར   ཁྱོད་རང་ཀློག་དུས
ཁུ་སུམ་གྱིས་གཅུད་པའི་མནོ་བསམ་གྱི་སྟེང་ལ
ལྗིད་ཏིག་ཏིག་གི་ནེམ་ཤ་ཞིག་ཅིས་ཀྱང་ལྷུང་འགྲོ
 
ཐ་སྙད་དག་གི་གསེབ་ན་གཡབ་མ་བྱེད་པ་བཞིན
ཁྱོད་ནི་སྙན་ངག་དག་གི་རུམ་ལ་དལ་གྱིས་སིམ་འགྲོ
 
བདག་གི་མགོ་བོ་བསྙེས་པའི་ཁྱོད་ཀྱི་བྲང་གཞུང་ན
མེ་སྟག་ཅིག་ཆུ་ལ་འཐིམ་ཚུལ་གྱི་ཁ་དོག་གིས་ཡོངས་སུ་གང་ནས་ཡོད་ཨང
 
                  ཕ་ཡུལ། 
རི་རིབ་ཀྱིས་མ་ཐེག་པའི་ས་སྲོད་ཀྱི་སྨྲེ་ངག་དག
ཆུ་ཆེན་གྱིས་མ་བརླན་པའི་བྱང་ཐང་གི་ངུ་འབོད་དག
རེ་རེ་བཞིན   བདག་གི་དྲན་སྣང་གཟེས་ནས
སེམས་ལྗོངས་ཀྱི་ཕ་རོལ་ལ་གསང་མྱུལ་བྱས་མྱོང
 
སྨྲ་བ་མེད་པའི་ཁྱོད་ཀྱི་རྒྱབ་ལྗོངས་ན
རྡོ་བས་མདུད་པའི་སྲ་མཁྲེགས་ཀྱི་གོ་རིམ་ཞིག་ཡོད་ཨང
 
ཅི་ཙམ་སྔོགས་ཚུལ་གྱིས་དེ་ཙམ་འཕོས་ཀྱིན་པ་དེ
ཁྱོད་དང་ཉེ་བར་བཅར་ཚུལ་རེད
ཇི་ལྟར་སོང་ནའང་ཁྱོད་ནི་མཐའ་བྲལ་བ་ཞིག
ཤུགས་ཀྱིས་བོས་ནའང  ཁྱོད་ནི་རྒྱང་རིང་རྒྱང་རིང་ཞིག་ན
 
                  མེས་པོ།
སྙན་ངག་ལྟ་བུའི   ལྷ་ས་ལྟ་བུའི
ཁྱོད་ནི་མངའ་ཁོངས་རྒྱ་ཆེན་པོ་ཞིག་ན
འཛུམ་རྐོང་ལ་འོད་ཀྱི་ཐིགས་པ་བསྐྱིལ་ནས
གཤོག་པ་ཐོགས་པའི་བར་སྣང་ལ་བདག་གི་མིག་ཟུང་ཁྲིད་འགྲོ
 
མཛེས་སྡུག་གི་ཁ་གྲངས་དག་ལས   ཁྱོད་གཅིག་པུ
བདག་ཡང་དང་བསྐྱར་དུ་ཀློག་པར་སྤྲོ་བ་དེ་ཡིན
 
ས་ཆེན་པོ་བློ་ཡིས་འཇལ་བའི་ཁྱོད་ཀྱི་བྱང་ཁོག་གི་འཕར་སྒྲ་དེ
རི་རབ་དང་གཙང་བོས་མ་ཁོགས་པའི་བྲག་ཅ་ཞིག
ངའི་ཁེར་རྐྱང་གི་མིང་བྱང་ལ་སྒྲོན་པའི་མེ་ཏོག་ཅིག
 
               སྒྲོལ་མ།
ཁྱོད་ཀྱི་འཛུམ་མདངས་ཀྱིས་བཟི་འགྲོ་བའི་ངའི་སེམས་པ་སྙི་མོ་དེ
ཐ་ན་ཁྱོད་ལའང་སྟོན་མ་ཕོད    བདེན་པའི་སྣ་མོ་ན
རང་ཉིད་ནི་དཀར་པོ་དཀར་རྐྱང་གི་འགྲེལ་སྟངས་ཤིག
 
ཁྱོད་ནི་བློ་ངོར་མ་ཤོངས་བའི་ཡིག་ཚགས་ཤིག་རེད
བདག་གིས་དལ་གྱིས་ཀློག་པའི་གོ་རིམ་ཁྲོད་ནས
ན་ཟུག་ཅིག་མིག་ཆུ་ལ་འདྲེས་བྱུང
དྲན་གདུང་ཞིག་ན་ཟུག་ལ་བསྣོལ་བྱུང
 
ཁྱོད་ནི་རང་ཉིད་བཙོན་འཇུག་བྱེད་ས་དེའང་རེད
ཁྱོད་ཉིད་ཚངས་མགུར་དང་མཉམ་དུ་བསྡེབས་ཡོད་པ་ལྟར
བདག་གིས་རྣ་བ་བླགས་པའི་བརྒྱུད་རིམ་དེ་ལ
ཁྱོད་ནི་ལྷོད་ཀྱིས་འགྱུ་བའི་རོལ་དབྱངས་ཤིག
 
                སྙན་ངག
ན་ཟུག་གི་འཚང་ཁའི་ཁྲོད་ནས་ངས་ཁྱོད་རང་རྟོགས་ཤིང
དགའ་སྐྱོའི་བར་གསེབ་ནས་ངས་ཁྱོད་རང་ཐོག་མར་རྙེད
 
བདག་ནི་སྲིན་འབུ་མེ་ལྕེབས་ལྟར
ཁྱོད་ཀྱི་རུས་གསེང་ལ་ཡང་དག་པར་འཐིམ་འདོད
 
ནམ་མཁར་འཕྱོ་བའི་ཁྱོད་ཀྱི་བདེ་སྣང་གི་ཕུང་བོ་དག
ས་ཆེན་གྱི་ཉིང་ཁུ་ལས་བརྡོལ་བའི་གསེར་ཞུན་ཞིག
 
                རང་ཉིད།
ཁྱོད་ནི་ཟུག་གཟེར་གྱི་བུ་ག་ན་ལུས་པའི་རྣག་ཁྲག་གི་ཕྲ་ཕུང་ཞིག
ཁྱོད་ནི་དར་ལ་འབྱར་བའི་ཚ་ཟེར་གྱི་རྣོ་དབལ་ཙམ
 
ཁྱོད་ནི་ཡོངས་སུ་ཟོས་ཚད་བའི་ལྷག་ཤུལ་ན་ཡོད་པའི
སུས་ཀྱང་ཚོར་དཀའ་བའི་དྲི་རྟགས་ཤིག
བེམ་རོ་དང་བསྡོངས་བའི་ཚོར་འདུ་ལང་ལོང
ཁྱོད་ཀྱི་མཐའ་འཁོར་ན   དུས་རྒྱན་རྒྱུ
 
སྤྲིན་པས་བསྒྲིབས་སོང་བའི   ཉི་མས་འཚིག་སོང་བའི
ཁྱོད་ཀྱི་མིག་ཀོང་གི་ལག་གཡུག་དག
རླུང་བུས་བདས་སོང   ཆར་བས་བརླན་སོང
                       ༢༠༡༡ ༠༢ ༢༤ ཉིན་རྩེ་ཁོག་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཧུབ་ཀྱིས་བཏུང་བའི་སྙན་ངག་གི་ཁྲག་རྒྱུན།

2011-03-18 དུང་བུ་ཆོས་འབུམ་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།