སྙན་ངག་འབྲི་བསམ་ན་འདི་ལྟར་འབྲི་དགོས།
_____དོ་དགོང་དྲན་པས་དྲན་པ་གསོས་ཏེ་གློ་བུར་རླུང་གིས་ཁུར་བ་མིན།།ནུས་ཆུང་བུ་ང་སྐྱོ་བའི་རྨ་ཁ་ད་བར་ཞེ་མཐུན་སུ་ཡིས་གསོ།།
རྩོམ་འདིའི་གསལ་འགྲེལ།
ང་ཡི་སྣང་ངོར་སྟོན་མཚན་དག་པའི་མཁའ་ལ་ཉ་གང་ཟླ་བ་བཞིན།།
བཞིན་འཛུམ་མེ་ཏོག་ལྷུག་པོར་གྲོལ་བའི་སྨིན་ལེགས་ན་ཆུང་སྒྲོས་པད་ཅན།།
ཅན་བཞིའི་ཤིང་རྟ་འདྲེལ་པའི་ཤུལ་གྱི་མོ་སྒོའི་དུངས་སེམས་བཞད་མ་ཁྱོད།།
ཁྱོད་ཉིད་དྲན་པའི་མིག་གི་བདུད་རྩི་སོར་བཅུའི་ལམ་ནས་ཇི་ལྟར་མཚོན།།
མཚོན་པ་ཡོད་ན་ཡིད་སེམས་མཉེན་མོ་ཀུན་ནས་རྗེས་སུ་ག་ལ་འཁྲེང༌།།
འཁྲེང་རྒྱས་མྱོས་བུམ་ལྡེམ་པའི་འགྲོས་ལྡན་གཞན་ལ་ལན་གཅིག་ལྟ་འདོད་བྲལ།།
བྲལ་གདུང་ལྕི་བའི་ལོ་ཟླ་རིང་མོ་ཡང་ཡང་བསམ་ན་སྟོང་ཞིང་ལུས།།
ལུས་ཀྱི་སྒྲོམ་བུ་ཞིགས་ལ་ཉེ་ཡང་རེ་བའི་མིག་ཟུང་ཅེར་རེ་ངང༌།།
ངང་སྒུག་བྱས་ནས་བརྩེ་དུང་མདུད་པ་ཁྲོལ་མེད་སུས་བརྒྱབ་མ་ཤེས་ཐལ།།
ཐལ་རྡུལ་འཚུབ་པའི་གོ་ཁ་ལྷུང་བར་བྱ་བའི་འདུན་མ་གཅིག་མིན་ཡང༌།།
ཡང་དག་འདྲེན་བྱེད་བསླུ་བ་མེད་པས་ཁྱེད་ཉིད་བརྗེད་པ་ག་ལ་སྲིད།།
སྲིད་པ་འདི་ནས་མཁོ་རྒུ་སྦྱིན་ཡང་ཧམ་པའི་སེམས་པ་མི་གཡོ་བར།།
བར་ཐག་དཔག་ཚད་སྟོང་གིས་བཅད་པའི་གྲོགས་ཁྱོད་ལས་འབྲས་མ་ཐུབ་ལ།།
ལ་ལུང་ཀུན་ནས་རང་མལ་ཕྱེད་ཀ་སྟོང་བར་སྲུང་བའི་དུས་ཀྱི་ཚེ།།
ཚེ་ཕྱེད་འདྲིས་པའི་ཚིག་གསུམ་རི་མོ་དར་ལ་འབྲི་བའི་དཔེ་སྲིད་དམ།།
དམ་བཅའ་བྲག་ལ་བརྐོས་པའི་ཕྱི་ཉིན་ཨ་ཇོའི་ལག་པ་དཔང་དུ་འཇོག།།
འཇོག་པའི་དུས་སུ་ང་རང་ལན་ཚེ་ཁྱོད་ཀྱིས་ཅི་དགར་བྱས་ཀྱང་ཆོག།
ཆོག་པའི་གནང་བ་བྱིན་ཉིན་ནས་མཛུབ་རྩེ་བཅད་ཀྱང་འགྱོད་པ་ཅི།།
ཅི་གསུང་མ་ལུས་སྙིང་ནས་འབུལ་བ་སྔོན་ནས་བཏབ་པའི་ས་བོན་དེ།།
དེ་དང་མཉམ་དུ་ཡིད་མཐུན་གྲོགས་ཁྱོད་རྨི་ལམ་ནང་ནས་ཕུལ་ཡོད་དོ།།
དོ་དགོང་དྲན་པས་དྲན་པ་གསོས་ཏེ་གློ་བུར་རླུང་གིས་ཁུར་བ་མིན།།
མིན་པའི་ཕྱིར་ན་དྲན་གཞས་ཐར་ཐོར་གདུང་བའི་ངག་གིས་དབྱངས་སུ་གྱེར།།
གྱེར་ནས་རྒྱང་རིང་ས་ཡི་མངའ་ན་ཁྱོད་ཀྱིས་གསན་པར་ཨེ་བྱུང་བལྟས།།
བལྟས་བལྟས་སྲོད་ཀྱི་ཟླ་བའི་ལྷ་མོ་སྤྲིན་གསེབ་ཀློང་དུ་ངུས་འདྲ་བྱུང༌།།
བྱུང་ཡང་བདག་གི་དྲན་པའི་དྲན་པའི་མཚོ་ལ་གསེར་ལྡན་བུང་བ་སུ་ཞིག་འབབ།།
འབབ་ལྡན་གཙང་བོའི་གྱ་གྱུར་འཁྱུག་པའི་མརྒད་སྤང་རིའི་ལྗོངས་ཡངས་སུ།།
སུ་ཞིག་དཔུང་བའི་འཁྲི་ཤིང་ལ་འཁྱུད་སྙིང་གཏམ་ཤོད་པ་མི་དགོས་ཤིང༌།།
ཤིང་སྡེ་དེ་ན་གྲོགས་ཁྱོད་གཅིག་པུ་དྲན་པའི་རུམ་ན་ལན་བརྒྱར་སྐྱོམ།།
སྐྱོམ་པའི་ལག་སོར་བྲང་ལ་བཞག་ནས་བྲལ་གཉེར་བསྡུས་པའི་གཤོང་བུ་ན།།
ན་ཆུང་ཟུར་མིག་ཀེམ་ཀེམ་གཡོ་བས་དབང་མེད་མཆི་མས་བཞིན་རས་བརླན།།
བརླན་གཤེར་སྔས་ལ་མགོ་བོ་སྙེས་ཀྱང་གཏི་མུག་ལྕགས་ཀྱུ་འདྲེན་མི་ནུས།།
ནུས་ཆུང་བུ་ང་སྐྱོ་བའི་རྨ་ཁ་ད་བར་ཞེ་མཐུན་སུ་ཡིས་གསོ།།
གསོ་བྱེད་སྙིང་གི་དཀྱིལ་ན་འབར་ཡང་དངོས་སུ་ཡོད་པའི་བདེ་བ་དེ།།
དེ་ཙམ་ལགས་ན་རེ་འབྲས་ལི་ཐོ་འཕྲིན་པའི་བར་ནས་ཇི་ལྟར་འཇོ།།
འཇོ་སྒེག་ལང་ཚོ་ཉམས་ཀྱིས་ཕྱུག་པའི་སྙིང་ཉེ་ཡིད་ཀྱི་དྲན་ཤིང་མ།།
མ་འདྲེས་སེམས་ཀྱི་དགའ་ཞེན་དམར་པོ་འདྲེས་པའི་ཉིན་ནས་ཇི་ལྟར་བཟོད།།
བཟོད་བསྲན་ན་བའི་ལྕིད་ཀྱིས་ངལ་བས་བུ་ང་ས་མཐོའི་རྨི་ལམ་ནང༌།།
ནང་གི་དུངས་སེམས་ཁྱོད་ལ་གཏད་ནས་འཛོམས་པའི་དུས་ཤིག་ཨེ་ཡོད་བསམ།།
བསམ་བཞིན་སྲོག་གི་རླབས་ཆེན་བརྩེ་བ་ཁྱེད་ཀྱིས་དེ་ལྟར་ཁྱེར་ཕོད་ན།།
ན་ཟླ་ང་ལ་ཕྱི་མིག་མ་ཆུང་སྙིམ་པའི་སོར་མོ་བྲང་ལ་སྦྱོར།།
དྲན་པའི་ཁུགས་པ་ལྷོད་ཀྱིས་བཏུམས་ཏེ་དུངས་སེམས་ཤོག་བྱ་དཀར་པོའི་འགྲོས།།
དྲན་འཛིན་བུ་གར་འཐུང་བའི་སྙིང་སྡུག་བུ་མོས་བརྩེ་བའི་ཝུ་ཆང་ལེན་པར་ཕྱོགས།།
ཕྱོགས་དེར་ར་ཡིག་གཉིས་པའི་འཕྲིན་ལས་གར་གྱིས་རིང་མིན་རྩེ་དགའ་འདི།།
ཕྱོགས་ཀྱི་མཛེས་མའི་སྙན་ལ་སྐུལ་ཏེ་དྲི་བཞིན་སུག་པའི་གར་ལ་བརྩོན།།
ཞེས་ཆུ་མིག་ལྔ་ལྡན་གྲོང་ཁྱེར་ཆེན་མོ་ནས་སྦྱར།

རྩོམ་ཁུངས། མཚོ་སྔོན་བོད་རིགས་དྲ་བ།