ནང་གི་སེམས་པ་དབྲབ་པ།
༡
ལོ་ཟླའི་གྲིབ་གཟུགས་ལ་ལོ་རྒྱུས་ཀྱི་ངོ་སོ་བསྟོད་གཏོད་དུས
ཡར་བཤད་མར་བཤད་ཀྱི་དཀར་ནོག་ཕྱིན་ཅི་ལོག་པའི་དེབ་ཕྲེང་འདི་དག
འཕྱི་མའི་ལམ་གྱི་དུར་རྫས་རིན་ཐང་མ་དེ་མིན་ནའང
འཇིག་རྟེན་མིག་གིས་ཤེལ་ནས་གཟུགས་ལ་བལྟ་བའི་ཁོམ་པ་ཤིག་གནང་ངེས
༢
ཨ་མ་ཐད་སོང མེ་ཏོག་འཐོར་དུས་སུ
མིག་ཆུ་སྙིམ་པ་གང་གི་སེམས་པ་འདི་བརླན་དུས
མཆོད་རྐོང་གི་བར་ནས་འོད་ཐིགས་ཤིག་ཁང་ཆུང་གི་བདག་པོར་ཕེབས་ཚེ
ཚེ་རབས་ཕྱི་མའི་མེ་ཏོག་དེ་གང་དུ་འཁྲུངས་ཡོད
༣
སེམས་པ་འདི དྲིན་ཅན་མ
ཁ་བཏགས་ཀྱིས་བཏེགས་པའི་རི་རབ་ལས་ཐོན་ཏེ
རོང་གི་བདག་མེད་ཡུལ་དུ་མེ་ཏོག་གཅིག་འཐུ་བར་འགྲོ
རྩོམ་ཁུངས། ངེད་དྲ་བ།