ས་འགུལ་སྟངས་དེའི་ཁྲོད་ན།

སྤྱང་ལྟོགས་ཁྲིད་རྒོད། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-03-17

 

                        ----འཇར་པན་ས་འགུལ་ལ
 
ཡིད་སྨོན་འཆོར་སའི་འཇིག་རྟེན་ཆུང་ཆུང་ཞིག
ཁ་ཕྱོགས་སྙེགས་པའི་སྟོབས་འབྱོར་རྒྱལ་ཁབ་ཅིག
 
ཐོལ་བྱུང་གི་སྨག་རུམ་དེའི་འོག་ན
ངུ་ངག་དང་གདུང་འབོད
ན་ཟུག་དང་མིག་ཆུ
རུས་ཆག་ཤ་ཟད་དུ་གྱུར་བའི་བན་པོ་ཁྲི་ཁྲག
ད་ཕྲུག་དང་ཡུགས་ས
སྤྲང་བོ་དང་འཁྱམ་པོར་གྱུར་བའི་གྲོང་དང་གྲོང་ཁྱེར
 
ཨ་ཧོ
བྱིས་པས་ངུ་ངག་གི་ཁྲོད་ན་ཨ་ཕ་ཨ་མ་ཞེས་འབོད་བཞིན་པ་དེ་ཐོས་སམ
ཆུང་མས་འོ་དོད་ཀྱི་ངང་ནས་རང་ཉིད་ཀྱི་སྐྱེས་བ་བཙལ་བཞིན་པ་དེ་མཐོང་ངམ
 
བྱམས་དང་སྙིང་རྗེ་དབུལ་པའི་འགུལ་སྟངས་དེས
ང་ཚོ་མིའི་རིགས་ལ་གནོད་འཚེ་བཏང་བ་ནི་ཐེངས་གཅིག་མིན་པར
ཐང་ཧྲན         སི་ཁྲོན         ཡུལ་ཤུལ            འཇར་པན
 
ཕ་མ་སུ་ཞིག་ལའང་རང་གི་བུ་ཕྲུག་གཉོར་བའི་བྱམས་བརྩེ་དེ་ཡོད་སྲིད་ལ
བུ་ཕྲུག་སུ་ཞིག་ལའང་རང་གི་ཕ་མ་དེ་ཡག་པར་འདོད་པའི་འཛུམ་མདངས་དེ་ཡང་ཡོད་རེད
གཟའ་ཚང་ཁ་འཐོར་དུ་བཏང་བ་ནི་ས་རྐོ་རྡོ་སློག་ལས་བྱུང་བ་ཡིན་ལ
མགོ་བཅག་རྐང་ཆག་ནི་གཏེར་འདོན་ནགས་བཅད་ལས་བྱུང་བའང་ཡིན་སྲིད
 
མི་ཚེ་འདི་དགའ་རེ་སྐྱོ་རེ
འཇིག་རྟེན་འདི་འཇིག་རེ་དང་ཆགས་རེ
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ས་འགུལ་སྟངས་དེའི་ཁྲོད་ན།

2011-03-17 སྤྱང་ལྟོགས་ཁྲིད་རྒོད། ཀློག་གྲངས། མཆན ཡོད།

 

                        ----འཇར་པན་ས་འགུལ་ལ
 
ཡིད་སྨོན་འཆོར་སའི་འཇིག་རྟེན་ཆུང་ཆུང་ཞིག
ཁ་ཕྱོགས་སྙེགས་པའི་སྟོབས་འབྱོར་རྒྱལ་ཁབ་ཅིག
 
ཐོལ་བྱུང་གི་སྨག་རུམ་དེའི་འོག་ན
ངུ་ངག་དང་གདུང་འབོད
ན་ཟུག་དང་མིག་ཆུ
རུས་ཆག་ཤ་ཟད་དུ་གྱུར་བའི་བན་པོ་ཁྲི་ཁྲག
ད་ཕྲུག་དང་ཡུགས་ས
སྤྲང་བོ་དང་འཁྱམ་པོར་གྱུར་བའི་གྲོང་དང་གྲོང་ཁྱེར
 
ཨ་ཧོ
བྱིས་པས་ངུ་ངག་གི་ཁྲོད་ན་ཨ་ཕ་ཨ་མ་ཞེས་འབོད་བཞིན་པ་དེ་ཐོས་སམ
ཆུང་མས་འོ་དོད་ཀྱི་ངང་ནས་རང་ཉིད་ཀྱི་སྐྱེས་བ་བཙལ་བཞིན་པ་དེ་མཐོང་ངམ
 
བྱམས་དང་སྙིང་རྗེ་དབུལ་པའི་འགུལ་སྟངས་དེས
ང་ཚོ་མིའི་རིགས་ལ་གནོད་འཚེ་བཏང་བ་ནི་ཐེངས་གཅིག་མིན་པར
ཐང་ཧྲན         སི་ཁྲོན         ཡུལ་ཤུལ            འཇར་པན
 
ཕ་མ་སུ་ཞིག་ལའང་རང་གི་བུ་ཕྲུག་གཉོར་བའི་བྱམས་བརྩེ་དེ་ཡོད་སྲིད་ལ
བུ་ཕྲུག་སུ་ཞིག་ལའང་རང་གི་ཕ་མ་དེ་ཡག་པར་འདོད་པའི་འཛུམ་མདངས་དེ་ཡང་ཡོད་རེད
གཟའ་ཚང་ཁ་འཐོར་དུ་བཏང་བ་ནི་ས་རྐོ་རྡོ་སློག་ལས་བྱུང་བ་ཡིན་ལ
མགོ་བཅག་རྐང་ཆག་ནི་གཏེར་འདོན་ནགས་བཅད་ལས་བྱུང་བའང་ཡིན་སྲིད
 
མི་ཚེ་འདི་དགའ་རེ་སྐྱོ་རེ
འཇིག་རྟེན་འདི་འཇིག་རེ་དང་ཆགས་རེ
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།