ཁྱོད་སོང་ཤུལ་དུ།

སྤྱང་ལྟོགས་ཁྲིད་རྒོད། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-03-16

 

                         ------མཛའ་མོ་གཡང་འགྲུབ་སྒྲོལ་མ་ཧྲང་ཧེ་ལ་སོང་རྗེས །
 
མིག་ཆུ་ཞིག་ཙག་ཤེད་ཁྲོད་བཞུར་བྱུང
སེམས་པ་ཞིག་ན་ཟུག་གི་འོག་ནས་འཁུམས་སོང
 
སྐད་ཆ་ལ་བཤད་དབང་མེད་པར
ཙག་སྐད་དང་འདྲ་བའི་རླང་འཁོར་གྱི་གཏོང་བརྡ་དེ་ཐེངས་གང་མང་གྲགས་བྱུང
ལྷོད་མི་ཐུབ་པའི་ལག་ཟུང་དེ་ཡང་ཉམས་ཆུང་བའི་བྱིས་པ་ཞིག་དང་འདྲ་བར
གྱེས་བྲལ་གྱི་མིག་ཆུ་གཏོར་བ་ལས་ཐབས་གཞན་ཅི
 
གང་ལྟར          ཁྱོད་སོང་ཤུལ་དུ
སྔོན་ཆད་དང་འདྲ་བར་མངར་ཆུ་སྣ་ཚོགས་ཀྱི་སྐོམ་གདུང་ལ་རོལ་ཡང
སྐྱུ་དྲི་ཁོ་ན་ལས་རོ་དྲུག་གི་མངར་ཁ་དེ་ཡང་སྨག་གིས་མནན་འདུག
ཉིན་དཀར་གྱི་ཟས་ལ་བྲོ་བ་མེད་ཀྱང
མཚན་མོའི་གཉིད་ལ་ཡང་ཐང་སེལ་དབེན
 
ཁ་པར་གྱི་སྐུ་སྣེ་ལ་འཐམ་ཐེངས་རེར
ང་ལ་མོད་པ་ནི་གདུང་བ་དང་སེམས་གཏམ་ཁོན་ཡིན་ལ
ཁྱོད་ལ་ཡོད་པ་ནི་མིག་ཆུ་དང་ན་ཟུག་ཉག་ཅིག་ལས་གཞན་ཅི
 
སྙིང་ཉེ་མ            མྱུར་དུ
རྟ་ཕོ་གཤོག་འཛིན་ཅིག་དང་འདྲ་བར
སེམས་པ་གློག་ཞགས་ཤིག་དང་འདྲ་བར
སེམས་གཏམ་དང་མེ་ཏོག་འཁྱེར་ཏེ་ཤོག་དང
འཛུམ་མདངས་དང་བགོད་སྒྲ་འཁྱེར་ཏེ་ཤོག་དང
ངའི་འོ་ཞིག་གི་མངར་ཁའི་ཁྲོད་ནས་ཁྱོད་ལ་བསུ་མ་བྱེད

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱོད་སོང་ཤུལ་དུ།

2011-03-16 སྤྱང་ལྟོགས་ཁྲིད་རྒོད། ཀློག་གྲངས། མཆན ཡོད།

 

                         ------མཛའ་མོ་གཡང་འགྲུབ་སྒྲོལ་མ་ཧྲང་ཧེ་ལ་སོང་རྗེས །
 
མིག་ཆུ་ཞིག་ཙག་ཤེད་ཁྲོད་བཞུར་བྱུང
སེམས་པ་ཞིག་ན་ཟུག་གི་འོག་ནས་འཁུམས་སོང
 
སྐད་ཆ་ལ་བཤད་དབང་མེད་པར
ཙག་སྐད་དང་འདྲ་བའི་རླང་འཁོར་གྱི་གཏོང་བརྡ་དེ་ཐེངས་གང་མང་གྲགས་བྱུང
ལྷོད་མི་ཐུབ་པའི་ལག་ཟུང་དེ་ཡང་ཉམས་ཆུང་བའི་བྱིས་པ་ཞིག་དང་འདྲ་བར
གྱེས་བྲལ་གྱི་མིག་ཆུ་གཏོར་བ་ལས་ཐབས་གཞན་ཅི
 
གང་ལྟར          ཁྱོད་སོང་ཤུལ་དུ
སྔོན་ཆད་དང་འདྲ་བར་མངར་ཆུ་སྣ་ཚོགས་ཀྱི་སྐོམ་གདུང་ལ་རོལ་ཡང
སྐྱུ་དྲི་ཁོ་ན་ལས་རོ་དྲུག་གི་མངར་ཁ་དེ་ཡང་སྨག་གིས་མནན་འདུག
ཉིན་དཀར་གྱི་ཟས་ལ་བྲོ་བ་མེད་ཀྱང
མཚན་མོའི་གཉིད་ལ་ཡང་ཐང་སེལ་དབེན
 
ཁ་པར་གྱི་སྐུ་སྣེ་ལ་འཐམ་ཐེངས་རེར
ང་ལ་མོད་པ་ནི་གདུང་བ་དང་སེམས་གཏམ་ཁོན་ཡིན་ལ
ཁྱོད་ལ་ཡོད་པ་ནི་མིག་ཆུ་དང་ན་ཟུག་ཉག་ཅིག་ལས་གཞན་ཅི
 
སྙིང་ཉེ་མ            མྱུར་དུ
རྟ་ཕོ་གཤོག་འཛིན་ཅིག་དང་འདྲ་བར
སེམས་པ་གློག་ཞགས་ཤིག་དང་འདྲ་བར
སེམས་གཏམ་དང་མེ་ཏོག་འཁྱེར་ཏེ་ཤོག་དང
འཛུམ་མདངས་དང་བགོད་སྒྲ་འཁྱེར་ཏེ་ཤོག་དང
ངའི་འོ་ཞིག་གི་མངར་ཁའི་ཁྲོད་ནས་ཁྱོད་ལ་བསུ་མ་བྱེད

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།