དོན་དངོས་ཤིག་བྲིས་ན།

 

རྒོད་པོ་འཕུར་སོང༌།
རྒོད་པོས་ལྡེམ་མྱུར་གྱི་གཤོག་ཟུང་བརྐྱངས་ནས།
མི་མངོན་པའི་མཁའ་དབྱིངས་ཤིག་ལ་འཕུར་སོང༌།
 
རྒོད་པོ་འཕུར་སོང༌།
རྒོད་པོས་རེ་བ་དང་དམིགས་འདུན་ཁུར་ནས།
ཕྱིར་བལྟས་དང་ཞེན་ཆགས་མེད་པར་འཕུར་སོང༌།
 
རྒོད་པོ་འཕུར་སོང༌།
རྒོད་པོས་རང་དབང་གི་ལུང་བ་ཞིག་ལ་ཡིད་སྨོན་བྱེད་བཞིན།
གསོལ་འདེབས་དང་སྨོན་ལམ་གྱིས་བར་ནས་འཕུར་སོང༌།
 
རྒོད་པོ་འཕུར་སོང༌།
རྒོད་པོས་ཚེ་སྲོག་གི་ལྟེ་ཁྲག་འཕོ་སའི་བྲག་ཐེམ་བསྐྱུར་ནས།
འཇིགས་སྐྲག་དང་སྐྱོ་བ་ཞེ་གང་ཁྱེར་ནས་འཕུར་སོང༌།
 
རྒོད་པོ་འདི་ལྟར་འཕུར་སོང་ཡང༌།
ང་ཚོས་ནམ་ཡང་གྲང་རླུང་འཚུབ་པའི་དགུན་ཟླ་རུ།
རྒོད་པོ་དེ་ཕྱིར་ཕེབས་ལ་སྒུག་ནས་ཡོད། སྒུག་ནས་ཡོད།
                   ----2011.3.13ཉིན།                  

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དོན་དངོས་ཤིག་བྲིས་ན།

2011-03-16 སྨག་འཇོམས། ཀློག་གྲངས། མཆན ཡོད།

 

རྒོད་པོ་འཕུར་སོང༌།
རྒོད་པོས་ལྡེམ་མྱུར་གྱི་གཤོག་ཟུང་བརྐྱངས་ནས།
མི་མངོན་པའི་མཁའ་དབྱིངས་ཤིག་ལ་འཕུར་སོང༌།
 
རྒོད་པོ་འཕུར་སོང༌།
རྒོད་པོས་རེ་བ་དང་དམིགས་འདུན་ཁུར་ནས།
ཕྱིར་བལྟས་དང་ཞེན་ཆགས་མེད་པར་འཕུར་སོང༌།
 
རྒོད་པོ་འཕུར་སོང༌།
རྒོད་པོས་རང་དབང་གི་ལུང་བ་ཞིག་ལ་ཡིད་སྨོན་བྱེད་བཞིན།
གསོལ་འདེབས་དང་སྨོན་ལམ་གྱིས་བར་ནས་འཕུར་སོང༌།
 
རྒོད་པོ་འཕུར་སོང༌།
རྒོད་པོས་ཚེ་སྲོག་གི་ལྟེ་ཁྲག་འཕོ་སའི་བྲག་ཐེམ་བསྐྱུར་ནས།
འཇིགས་སྐྲག་དང་སྐྱོ་བ་ཞེ་གང་ཁྱེར་ནས་འཕུར་སོང༌།
 
རྒོད་པོ་འདི་ལྟར་འཕུར་སོང་ཡང༌།
ང་ཚོས་ནམ་ཡང་གྲང་རླུང་འཚུབ་པའི་དགུན་ཟླ་རུ།
རྒོད་པོ་དེ་ཕྱིར་ཕེབས་ལ་སྒུག་ནས་ཡོད། སྒུག་ནས་ཡོད།
                   ----2011.3.13ཉིན།                  

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།