རྨི་ལམ་གྱི་བརྩེ་བ།

 

   བརྩེ་བའི་མངའ་ཐང་ལ་རྫོགས་མཐའ་མེད་པས།།
   གནམ་སའི་བར་མཚམས་ལ་ཤོང་ཐབས་མི་འདུག།
   དབུགས་ཀྱི་སྐུད་རྒྱུན་འདི་མ་ལྷོད་བར་དུ།།
   སྒྱུ་མའི་བསླུ་བྲིད་ཀྱི་འགྲན་དུ་ལང་དགོས།།
 
   འཁོར་བའི་ཕུན་ཚོགས་ཀྱི་མངལ་སྒོ་རེ་ན།།
   དགའ་སྡུག་འདྲེས་མ་ཡི་རླུང་བུ་ཤུར་ཤུར།།
   ཞེན་ཆགས་རི་མོ་ཡི་གས་སྲུབ་བར་ན།།
   འདོད་མདུན་མིག་ཟུང་འདི་ཉམ་རེ་ཆུང་ངོ།།
 
   ལོ་ཟླའི་དྲོད་འཁྱག་ལ་བརྟག་ཐབས་མེད་པས།།
   ཕུགས་མདུན་གོམ་འགྲོས་ལ་མགོ་ཡོམ་འཁོར་འགྲོ།
   ལང་ཚོའི་མེ་ཏོག་གི་མཛེས་སྡུག་བསམ་ན།།
   ན་ཟུག་དུག་ཚེར་གྱིས་མགྲིན་པ་བརྣང་འགྲོ།
 
   རིགས་འཕྲུལ་དངོས་ཟོག་གི་དཔལ་ཡོན་རྒྱས་པས།།
   གདོད་མའི་གསེར་བྲིས་ཀྱི་དམ་བཅའ་བརྟན་པོ།།
   སྦྲ་ཁྱིམ་སྨུག་པོ་ལྟར་རྒྱང་ལ་སྤྱུགས་དུས།།
   དྭངས་གཤིས་སེམས་གཅོང་འདི་སྙིང་རེ་རྗེའོ།།
 
   མེས་པོའི་གླགས་བུམ་གྱི་མེ་ལོང་ངོས་སུ།།
   དུས་ཀྱི་མྱུར་ལམ་ཁྲོད་ཕྱིར་མིག་འཕངས་ཚེ།།
   ཨ་མའི་ལྷག་བསམ་གྱི་ནུ་རིན་དཀར་པོ།།
   འདས་སོང་ལོ་རྒྱུས་ཀྱི་རིས་སུ་འཐིམས་འདུག།
 
   ཅི་བསམ་ལྷུན་འགྲུབ་ཀྱི་བསྐལ་བའི་ལས་ཤིག།
   བདེན་པའི་རང་གཅུན་གྱིས་བཏུལ་ཐབས་མེད་ཀྱང་།།
   རྒྱུ་འབྲས་གོ་ལྡོག་གི་གཡུལ་ས་འདི་ནས།།
   རྣམ་དཀར་སེམས་བྱུང་ལ་བདག་པོ་ལོས་རྒྱག།
                                            2011.3.6
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨི་ལམ་གྱི་བརྩེ་བ།

2011-03-15 ཏཱ་ནི་སྨྱུ་གུ ཀློག་གྲངས། མཆན ཡོད།

 

   བརྩེ་བའི་མངའ་ཐང་ལ་རྫོགས་མཐའ་མེད་པས།།
   གནམ་སའི་བར་མཚམས་ལ་ཤོང་ཐབས་མི་འདུག།
   དབུགས་ཀྱི་སྐུད་རྒྱུན་འདི་མ་ལྷོད་བར་དུ།།
   སྒྱུ་མའི་བསླུ་བྲིད་ཀྱི་འགྲན་དུ་ལང་དགོས།།
 
   འཁོར་བའི་ཕུན་ཚོགས་ཀྱི་མངལ་སྒོ་རེ་ན།།
   དགའ་སྡུག་འདྲེས་མ་ཡི་རླུང་བུ་ཤུར་ཤུར།།
   ཞེན་ཆགས་རི་མོ་ཡི་གས་སྲུབ་བར་ན།།
   འདོད་མདུན་མིག་ཟུང་འདི་ཉམ་རེ་ཆུང་ངོ།།
 
   ལོ་ཟླའི་དྲོད་འཁྱག་ལ་བརྟག་ཐབས་མེད་པས།།
   ཕུགས་མདུན་གོམ་འགྲོས་ལ་མགོ་ཡོམ་འཁོར་འགྲོ།
   ལང་ཚོའི་མེ་ཏོག་གི་མཛེས་སྡུག་བསམ་ན།།
   ན་ཟུག་དུག་ཚེར་གྱིས་མགྲིན་པ་བརྣང་འགྲོ།
 
   རིགས་འཕྲུལ་དངོས་ཟོག་གི་དཔལ་ཡོན་རྒྱས་པས།།
   གདོད་མའི་གསེར་བྲིས་ཀྱི་དམ་བཅའ་བརྟན་པོ།།
   སྦྲ་ཁྱིམ་སྨུག་པོ་ལྟར་རྒྱང་ལ་སྤྱུགས་དུས།།
   དྭངས་གཤིས་སེམས་གཅོང་འདི་སྙིང་རེ་རྗེའོ།།
 
   མེས་པོའི་གླགས་བུམ་གྱི་མེ་ལོང་ངོས་སུ།།
   དུས་ཀྱི་མྱུར་ལམ་ཁྲོད་ཕྱིར་མིག་འཕངས་ཚེ།།
   ཨ་མའི་ལྷག་བསམ་གྱི་ནུ་རིན་དཀར་པོ།།
   འདས་སོང་ལོ་རྒྱུས་ཀྱི་རིས་སུ་འཐིམས་འདུག།
 
   ཅི་བསམ་ལྷུན་འགྲུབ་ཀྱི་བསྐལ་བའི་ལས་ཤིག།
   བདེན་པའི་རང་གཅུན་གྱིས་བཏུལ་ཐབས་མེད་ཀྱང་།།
   རྒྱུ་འབྲས་གོ་ལྡོག་གི་གཡུལ་ས་འདི་ནས།།
   རྣམ་དཀར་སེམས་བྱུང་ལ་བདག་པོ་ལོས་རྒྱག།
                                            2011.3.6
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།