ཨོལ་ཟའི་སེང་ཆེན་དྲན་པ།

བཀྲ་ཤིས་རྒྱལ།༼ལན་ཀྲུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-03-15

 

ཨ་མྱེས་ཀྱི་བཤད་རྒྱུན་ལ
འདི་ནས་ཡར་བརྩིས་པའི་ལོ་བཅུ་ཕྲག་བརྒྱད་ཀྱི་སྔོན་དུ
ལོ་ན་བཅུ་གསུམ་ལ་སོན་པའི་ཁྱོད་རང་
ཁྱོད་རང་སོག་པོའི་ར་མདར་བརྒྱུགས་མྱོང་ལ
སྟོད་སོག་སྟོད་ལ་བདའ་ཞིང་སྨད་སོག་སྨད་དུའང་དེད་མྱོང་བས
ཁྱོད་རང་གནམ་ས་གཅིག་ཏུ་བསྲེ་བའི་ཨོལ་ཟའི་སེང་ཆེན་དུ་གྲགས

ང་སད་དུས
ང་མ་པུའུ་ཧྥང་དང་མཉམ་དུ་སད་དུས
རང་གི་སྟོད་འགག་གོན་རྒྱུ་བརྗེད་སོང་བའམ
སྟོད་འགག་ཞིག་ཀྱང་གྱོན་མེད་པའི་ཁྱོད
ཁྱོད་རང་སྒྱོགས་མདེལ་ཆེན་པོ་དེའི་ཁ་རུ
ཁྲོས་པའི་དཔའ་ལུང་ལག་པས་ད་དུང་གློད་མེད

འཛུམ་དྲུག་ཉིལ་ལེར་བུད་སོང་བའི་ཁྱོད
ཁྱོད་རང་   
བདག་གི་ཕ་ཡུལ་དུ
ཆེས་ཐོག་མར  
གཡུ་རལ་གསིག་བཞིན་བུད་སོང་བའི་སེང་ཆེན་ཞིག

དེ་རིང་
ངས་ནི་ཧོར་ཚོ་བཞི་གླིང་དྲུག་གི
བུ་སྟག་སེང་ཁྱུང་འབྲུག་ལྒིང་བཞིན
ཨོལ་ཟའི་སེང་ཆེན་ཟེར་བའི་མི་བུ་རློན་པ་ཞིག་དྲན
ཆུང་དུས་སུ་ངས་ཨ་མ་དྲན་པ་ནང་བཞིན
མི་བུ་བདུན་གྱིས་གཞི་ཁ་བཟུང་ལ་མེ་ཁ་གསོས་པའི་
ཨོལ་ཟའི་ཚོ་བ་དྲན་ལ   ཨོལ་ཟའི་མི་བདུན་རྟ་བདུན་དྲན
ཨོལ་ཟའི་སེང་ཆེན་ཡང་དྲན
 
ལོ་བརྒྱད་ཕྲག་སྔོན་གྱི་དེ་རིང་
སོག་དམག་བོད་ལ་འོངས་དུས
ཁྱོད་ཀྱིས་བོད་ཀྱི་དམག་དར་བཟུང་ནས
ཀི་རིང་ཞིག་འདེབས་བཞིན་བོད་ཀྱི་དམག་སྣ་དྲངས་ཡང་མྱོང་

ལོ་བརྒྱད་ཕྲག་རྗེས་ཀྱི་དེ་རིང་
ངས་ནི
བདག་ལ་མི་ལ་རས་པ་ལྟ་བུའི
འཛམ་གླིང་སེང་ཆེན་ལྟ་བུའི
མར་ཐིན་ལུའི་རྡིར་ལྟ་བུའི
ཨོ་ཟའི་སེང་ཆེན་ཟེར་བའི་ཨ་མྱེས་ཞིག་ཡོད་པ་དྲན
དགྲ་མགོ་ཐོ་བས་རྡུང་བའི་ཨ་མྱེས་ཞིག་ཡོད་པ་དྲན
                                    2010-12-30
 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨོལ་ཟའི་སེང་ཆེན་དྲན་པ།

2011-03-15 བཀྲ་ཤིས་རྒྱལ།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།

 

ཨ་མྱེས་ཀྱི་བཤད་རྒྱུན་ལ
འདི་ནས་ཡར་བརྩིས་པའི་ལོ་བཅུ་ཕྲག་བརྒྱད་ཀྱི་སྔོན་དུ
ལོ་ན་བཅུ་གསུམ་ལ་སོན་པའི་ཁྱོད་རང་
ཁྱོད་རང་སོག་པོའི་ར་མདར་བརྒྱུགས་མྱོང་ལ
སྟོད་སོག་སྟོད་ལ་བདའ་ཞིང་སྨད་སོག་སྨད་དུའང་དེད་མྱོང་བས
ཁྱོད་རང་གནམ་ས་གཅིག་ཏུ་བསྲེ་བའི་ཨོལ་ཟའི་སེང་ཆེན་དུ་གྲགས

ང་སད་དུས
ང་མ་པུའུ་ཧྥང་དང་མཉམ་དུ་སད་དུས
རང་གི་སྟོད་འགག་གོན་རྒྱུ་བརྗེད་སོང་བའམ
སྟོད་འགག་ཞིག་ཀྱང་གྱོན་མེད་པའི་ཁྱོད
ཁྱོད་རང་སྒྱོགས་མདེལ་ཆེན་པོ་དེའི་ཁ་རུ
ཁྲོས་པའི་དཔའ་ལུང་ལག་པས་ད་དུང་གློད་མེད

འཛུམ་དྲུག་ཉིལ་ལེར་བུད་སོང་བའི་ཁྱོད
ཁྱོད་རང་   
བདག་གི་ཕ་ཡུལ་དུ
ཆེས་ཐོག་མར  
གཡུ་རལ་གསིག་བཞིན་བུད་སོང་བའི་སེང་ཆེན་ཞིག

དེ་རིང་
ངས་ནི་ཧོར་ཚོ་བཞི་གླིང་དྲུག་གི
བུ་སྟག་སེང་ཁྱུང་འབྲུག་ལྒིང་བཞིན
ཨོལ་ཟའི་སེང་ཆེན་ཟེར་བའི་མི་བུ་རློན་པ་ཞིག་དྲན
ཆུང་དུས་སུ་ངས་ཨ་མ་དྲན་པ་ནང་བཞིན
མི་བུ་བདུན་གྱིས་གཞི་ཁ་བཟུང་ལ་མེ་ཁ་གསོས་པའི་
ཨོལ་ཟའི་ཚོ་བ་དྲན་ལ   ཨོལ་ཟའི་མི་བདུན་རྟ་བདུན་དྲན
ཨོལ་ཟའི་སེང་ཆེན་ཡང་དྲན
 
ལོ་བརྒྱད་ཕྲག་སྔོན་གྱི་དེ་རིང་
སོག་དམག་བོད་ལ་འོངས་དུས
ཁྱོད་ཀྱིས་བོད་ཀྱི་དམག་དར་བཟུང་ནས
ཀི་རིང་ཞིག་འདེབས་བཞིན་བོད་ཀྱི་དམག་སྣ་དྲངས་ཡང་མྱོང་

ལོ་བརྒྱད་ཕྲག་རྗེས་ཀྱི་དེ་རིང་
ངས་ནི
བདག་ལ་མི་ལ་རས་པ་ལྟ་བུའི
འཛམ་གླིང་སེང་ཆེན་ལྟ་བུའི
མར་ཐིན་ལུའི་རྡིར་ལྟ་བུའི
ཨོ་ཟའི་སེང་ཆེན་ཟེར་བའི་ཨ་མྱེས་ཞིག་ཡོད་པ་དྲན
དགྲ་མགོ་ཐོ་བས་རྡུང་བའི་ཨ་མྱེས་ཞིག་ཡོད་པ་དྲན
                                    2010-12-30
 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།