སྐུ་དྲིན་སེམས་ཀྱི་རི་མོ།
དཀའ་སྡུག་རྔུལ་ཆུས་ཞལ་རས་གོར་མོ་བརླན། །
འཛད་མེད་ལས་ཀས་ཙ་རིའི་སྐུ་གཟུགས་སྒུར། །
ཡོད་ཚད་བུ་ལ་བཅོལ་ནས་སེམས་པ་རྒས། །
བྱམས་ལྡན་མ་ལོའི་སྐུ་དྲིན་ནམ་ཞིག་འཇལ། །
བུ་ཆུང་སློབ་གསོས་བསྐྱངས་ནས་ཤེས་རིག་རྒྱས། །
གཉིད་བཅག་ཟས་བརྗེད་དཀའ་སྤྱད་ཐུགས་སུ་བཟུང་། །
མ་འོངས་ལམ་སྟོན་བཟང་བོའི་སྣེ་ཁྲིད་མཁན། །
དྲིན་ལྡན་རྒན་གྱི་དྲིན་ལན་ནམ་ཞིག་འཇལ། །
དོན་ཆེན་དོན་ཆུང་དྲི་མེད་སེམས་ཀྱིས་འཚོས། །
ལུས་སེམས་གཉིས་ཀས་སྟོབས་ཤུགས་གྲངས་མེད་མྱངས། །
རང་ལས་གཞན་ཕན་བླ་མེད་ལྷག་བསམ་ཅན། །
བརྩེ་ལྡན་གྲོགས་པོའི་བཀའ་དྲིན་ནམ་ཞིག་འཇལ། །
རྒྱུད་སྐུད་ཕྲ་མོ་སོར་མོའི་རྩེ་ན་ལྡེམ། །
དབྱངས་རྟ་སྙན་མོ་ཚིག་གི་སྡེབ་ན་མཛེས། །
ཕྱིར་དྲན་སེམས་ཀྱི་གཞས་གླུ་ཆུང་ཆུང་འདི། །
དེ་རིང་ཁྲོམ་པའི་དཀྱིལ་ནས་ཁྱེད་ཚོར་ལེན། །
ཉི་མ་གཞོན་ནུ་བུ་ངའི་དྲོད་ཁོལ་ཡིན། །
སྤྲིན་པ་དཀར་མོ་བུ་ངའི་འཚོ་རོགས་ཡིན། །
བྱ་རྒྱལ་རྒོད་པོ་བུ་ངའི་དཔུང་རོགས་ཡིན། །
དུང་ཟླའི་གུར་ཁྱིམ་བུ་ངའི་ཕ་གཞིས་ཡིན། །
རྫ་རི་སྨུག་པོ་བུ་ངའི་རྒྱབ་རྟེན་ཡིན། །
གཙང་ཆུ་སྔོན་མོ་བུ་ངའི་ཟུངས་ཁྲག་ཡིན། །
དཀར་དམར་མེ་ཏོག་བུ་ངའི་ལང་ཚོ་ཡིན། །
གྱི་ལིང་རྟ་མཆོག་བུ་ངའི་བཅིབས་པ་ཡིན། །
བུ་མོ་ཀླུ་སྒྲོན་བུ་ངའི་སྙིང་ནོར་ཡིན། །
རང་བྱུང་འཛུམ་དྲུག་དགའ་བའི་མཚོན་རྟགས་ཡིན། །
གསུང་མགུར་སྙན་མོ་མཐུན་པའི་མཚོན་བྱེད་ཡིན། །
ཞིམ་མངར་སྣང་བ་འགྲོགས་པའི་གཞི་རྩ་ཡིན།

རྩོམ་ཁུངས། ངེད་དྲ་བ།