བུད་སོང་བའི་དགུང་མོ་དེར།
བརྗེད་ཐབས་མེད་པའི་ཁྱོད་རང་མཐོང་དུས
བསུབ་ཐབས་བྲལ་བའི་སྙིང་གཏམ་གསན་དུས
མཚན་མོ་དེ་ང་ལ་མཚོན་ན་ཡུན་ཐུང་བའི་རྨི་ལམ་ཞིག་གི་འཕུར་བསྐྱོད་རེད
རྒྱང་རིང་བའི་འཁྲུལ་ཤེས་ད་དུང་རྨིས་བཞིན་ཡོད མཚམས་ཆད་མ་མྱོང
ཁྱོད་རང་སྙིང་ནས་དྲན བསམ་ཀྱིན་བསམ་ཀྱིན་ལྷག་ཏུ་དྲན
གྱེས་བྲལ་གྱི་གདུང་བ་སེམས་ཀྱི་རྨ་ཁ་ཞིག་ཏུ་འགྱུར་སྲིད་ནའང
རྣམ་ཤེས་ཀྱི་རྒྱུ་བ་དྲན་འཛིན་གྱི་མེ་ལོང་དུ་ཡང་ཡང་འཆར
དེ་ལྟར་ལོ་དང་ཟླ་བ་ཞིག་ལ དེ་ལྟར་མཚན་མོ་གང་མང་ཞིག་ནས
སྐྱབས་འགྲོའི་ཚུལ་དུ་འདོན་བཞིན་པའི་ཁྱོད་དེ་ལྟར་སླེབས་སོང་བ་ཡིན་ནམ
ང་ཡི་ཁྱོད ཁྱོད་ཀྱི་མལ་འཛོམས་ལ་རེ་བའི་ང
སྐད་ཅིག་གི་འཇིག་རྟེན་ཞིག་ནས་ངའི་དབྱར་གཞུང་ནས་བུད་སོང
མེ་ཏོག་རྐང་གཅིག་བཏོག་ནས་བུད་སོང སྒྲོལ་མའི་རྨི་ལམ་འཕྲོག་ནས་འཁྱེར་སོང
ཕ་ཡུལ་ན་བཙོ་སྦྱང་བྱེད་བཞིན་པ་ཁྱོད་རང་ཡིན་ནམ
དེ་དག་ནི་ཡང་སྙིང་ཚེ་སྲོག་ཅིག་གི་རྒྱུན་ཐག་བསླེས་ཡོད་པའང
བསམ་གཞིགས་དང་བསམས་གཞིགས་མིན་པའི་དགོང་མོ་དེར
དེ་ལྟར་བསམ་བཞིན་འདི་ལྟར་བརྗོད་ཀྱིན་ཡོད་མུས་འདུག
བུད་སོང་བའི་དགོང་མོ་དེ་ང་དང་རྒྱང་ཐག་རིང་བའི དུས་ཚོད་ཀྱི་གོམས་འདྲིས་ཞིག
༢༠༡༠.༡༢.༡༥
རྩོམ་ཁུངས། ངེད་དྲ་བ།