ཁོ་མོའི་མོ་མཚན་ལས་ཟུངས་ཁྲག་སེར་པོ་འབབ་ཀྱིན་འདུག

ཁོ་མོས་ཅི་ཡང་མཐོང་མ་བྱུང ས་ཆེན་གྱི་པང་དུ་ང་གཅིག་པུ་གཅེར་བུར་ལངས་ཡོད
ཁོ་མོས་ཅི་ཡང་མཐོང་མ་བྱུང རི་ཆུའི་གསེབ་དུ་སྐྱེས་པ་དག་གཅེར་བར་ཉལ་འདུག
ཁོ་མོས་ཅི་ཡང་མཐོང་མ་བྱུང ང་ཚོས་རང་གི་ཕོ་མཚན་ལག་ཏུ་བཟུང་ནས་བར་སྣང་གི་ཁ་གཏད་དུ་ལངས་ཡོད
ཁོ་མོས་ཅི་ཡང་མཐོང་མ་བྱུང ཁོ་མོའི་མོ་མཚན་གྱི་ནང་ན་ཟུངས་ཁྲག་སེར་པོ་འབབ་ཀྱིན་འདུག
ང་ཚོས་ནམ་ཡང་ནུ་མ་ཁོ་ན་རྨི་ལམ་དུ་རྨིས་ནས་གཉིད་ལ་ཡུར
ང་ཚོས་ནམ་ཡང་མོ་མཚན་གྱི་མཇམ་གཉེན་ཁོ་ན་དྲན་པའི་ནང་དུ་བསྡུས
ང་ཚོས་ནམ་ཡང་ས་ཞིང་དང་ནས་འབྲུ་ལས་ཀྱང་བུད་མེད་ཀྱི་ལུས་པོ་དྲན
ང་ཚོ་རླུང་གི་ཁ་གཏད་དུ་ལངས་ནས་བུད་མེད་ཀྱི་མིང་ཤུགས་ཀྱིས་བོས
ཀྱེ ནམ་མཁའི་ངོགས་སུ་ཟུག་པའི་ས་ཆེན་གྱི་ཕོ་མཚན
ངའི་ཕ་མེས་ཡང་མེས་ཀྱིས་མཆོད་པའི་བླ་རི
ལོ་ངོ་སྟོང་ཁྲག་ལ་སྨྲ་བ་བསྡམ་ནས་འཁུན་སྒྲ་ཁོ་ན་འབྱིན་པའི
ས་ཆེན་གྱི་གཡོག་པོ
ཀྱེ རྒྱ་མཚོ་ལ་འབབ་ཀྱིན་པའི་ཁུ་ཁྲག་དཀར་དམར
ཚེ་སྲོག་སྦྲུམ་གྱིན་པའི་ཉི་ཟེར་གྱི་སྲེད་པའི་མེ་ལྕེ
སྲེད་པ་འཆེད་ཀྱིན་པའི་ས་ནག་གི་གད་པ་དང་བུ་མོ་ཚོའི་སྐྲ་ལོ
འཛུམ་མདངས་ཀྱི་བཙན་གཡབ
ཁྱོད་ཀྱིས་ཀྱང་ཅི་ཡང་མཐོང་མ་བྱུང ཉི་འོད་སྔར་ནས་འཁྱོག་གཟུགས་སུ་ཤར་འདུག
ཁྱོད་ཀྱིས་ཀྱང་ཅི་ཡང་མཐོང་མ་བྱུང ཟླ་འོད་སྔར་ནས་འཁྱོག་གཟུགས་སུ་ཤར་འདུག
ཁྱོད་ཀྱིས་ཀྱང་ཅི་ཡང་མཐོང་མ་བྱུང སྐར་མོའི་ངོགས་སུ་ཁྲག་ཐིགས་ཁོ་ན་ཟགས
ཁྱོད་ཀྱིས་ཀྱང་ཅི་ཡང་མཐོང་མ་བྱུང མེ་ཏོག་གི་སྟེང་དུ་ཁྲག་ཐིགས་ཁོ་ན་ཟགས
རླུང་ཆེན་གཡུག་ཤོག སྲིད་པའི་འཁོར་ལོ་འདི་གས་ཆག་ཧྲིག་ཆག་ཏུ་གཏོང་རོགས
ངའི་རང་གི་ཉེ་འཁོར་གྱི་མི་དང་འབུ་དང་རི་དྭགས་དང་གཅན་གཟན་དག
ལྕགས་དང་རྡོ་དང་རྡོ་སོལ་དང་དུག་རླངས་དག
མིག་ཆུ་དང་སྣ་ཆུ་དང་ཁ་ཆུ་དང་འདོམ་ཆུ་དག
ཁྱིམ་ཕྱགས་དང་གད་སྙིགས་དང་སྐྱག་ཆུ་དག་ཁྱོད་ཀྱི་ཡོན་ལ་འབུལ
ཆར་ཆེན་བོབ་ཤོག ས་ཡི་སྒལ་གཞུང་འདི་གས་ཆག་ཧྲིག་ཆག་ཏུ་གཏོང་རོགས
ངའི་རང་གི་མཐོང་སྣང་གི་ས་རྡུལ་དང་སྡོང་ལོ་དང་གཅིན་པ་དང་སྐྱག་པ་དག
རི་ངོས་ཀྱི་རྐང་རྗེས་དང་བུད་མེད་ཚོའི་རྒས་གཉེར་དང་ལམ་འགྲམ་གྱི་སྤྲང་བོ་དག
ཆང་ཁང་ནང་གི་ངུ་ཟུག་དང་སློབ་ཁང་ནང་གི་དུར་འབོད་དང་ཉལ་ཁང་ནང་གི་སྔུར་བ་དག
གཞོན་ནུ་མའི་ཁ་རླངས་དང་བྱིས་པ་ཚོའི་རྨི་ལམ་ཆག་རོ་དག་ཁྱོད་ལ་འབོག་ཏུ་འབུལ
མེ་འཁོར་གྱི་འཁོར་སྒམ་བར་ནས་རླངས་འཁོར་གྱི་ཆོ་ངེ་བར་ནས་བཟོ་ལས་བ་དག་གི་ངལ་དུབ་བར་ནས
ངའི་ལུས་པོ་འདི་དུམ་བུར་གཅོད་རོགས་ངའི་རྣམ་ཤེས་འདི་ཡལ་བར་གཏོང་རོགས
རྟ་རྒན་ཚོའི་རྨིག་རྡུལ་བར་ནས་གཡག་རྒན་ཚོའི་རྭ་ཅོའི་བར་ནས་མ་མོ་ཚོའི་བུ་སྣོད་ཀྱི་བར་ནས
ངའི་ཡན་ལག་དག་དུམ་པུར་གཅོད་རོགས་ངའི་མཚན་མ་དག་ཡལ་བར་གཏོང་རོགས
ཀྱེ་ས་ཆེན་གྱི་གཡོག་པོ ཀྱེ་ནམ་མཁའི་ཕོ་མཚན ཀྱེ་རྒྱ་མཚོའི་ནུ་མ
ང་རང་རྟག་ཏུ་འཇིག་རྟེན་དུ་བསྐྱུར་དེ་སྡུག་གིས་བསྔལ་བའི་མི་ཞིག་བྱེད་དུ་ཆུགས
ང་རང་རྟག་ཏུ་ཁ་ཟས་དང་གྱོན་གོས་དང་བུད་མེད་ལ་སེམས་ཁུར་གྱིས་འཚོ་བའི་སྡུག་བསྔལ་བ་ཞིག་བྱེད་དུ་ཆུགས
 
རྩོམ་ཁུངས། ཀླུ་ཚང་སྨྱུག་གསར་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁོ་མོའི་མོ་མཚན་ལས་ཟུངས་ཁྲག་སེར་པོ་འབབ་ཀྱིན་འདུག

2011-03-12 ཁ་བ་སྙིང་ལྕགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།