ཕ་ཡུལ་ལ་འཁྲེང་ཚུལ།
མཚམས་སྤྲིན་གྱི་ངོ་གདོང་ལས་རྦ་རླབས་འཕྱུར
གྲུའི་སྟེང་གི་མགྲོན་པོ་ཐག་རིང་དུ་ཕྱིན
ང་རང་སླར་ཡང་ཟམ་པའི་ཚུར་རོལ་དུ་བརྒལ་ན་འདོད
ཡལ་ག་དང་ཟེགས་མ
ལག་པ་ཡོད་ཚད་རི་བོའི་ཕ་རོལ་དུ་སྐྱེས
རྐང་རྗེས སྨྲེང་བ་དང་གཏམ་རྒྱུད་ཀྱི་ཁྲོད་དུ་བཞུར
༢༠༡༠ལོའི་ཟླ༡༡པའི་ཚེས་༢༥ཉིན་ལན་གྲུ་ནས།
རྩོམ་ཁུངས། ངེད་དྲ་བ།