མྱི་རབས་བཞི་བའི་གཅེས་ཕྲུག

                     ____ ཡང་ན་མྱི་རབས་བཞི་བའི་ན་གཞོན་སྙན་ངག་པ་འབྲོག་བུ་དཀོམ་བཀྲའི་སྙན་དེབ༼མཚན་ལམ་རིང་མོར༽བལྟས་རྗེས་ཀྱི་དགའ་ཚོར།
 
ཁྱོད་ལ་གསེར་གྱི་རལ་གྲི་ཞིག་ཡོད
དེ་ནི་མེས་པོས་སྔོན་ཆད་རང་གི་ལོ་རྒྱུས་ལ་བཞི་ཤད་རྒྱག་བྱེད་ཀྱི་རྩིད་པའི་རི་མོ་དེ་ཡིན
ཁྱོད་ལ་དངུལ་གྱི་རྣ་ལུང་ཞིག་ཡོད
དེ་ནི་ཡུམ་ཆེན་གྱིས་རྨི་ལམ་གྱི་དག་ཞིང་ནས་ཕུལ་བའི་ཁྲག་གི་ཁ་ཆེམས་དེ་ཡིན
ཁྱོད་ལ་དུང་གི་སྐད་ཡིག་ཅིག་ཡོད
དེ་ཡང་ཐོན་མིས་གནང་བའི་སྒྱུ་འཕྲུལ་གྱི་ནོར་བུ་ཆ་བདུན་དེ་ཡིན
 
རྨ་ཆུ་ནི་རང་གི་ལྟེ་ཁྲག་གིས་འཚོས་པའི་ཕ་གཞིས་ཀྱི་དྲོད་ཁོལ་དུ་བསམས་ན
རྨ་ཆུ་ནི་ཡིག་འབྲུ་ཁྲི་སྟོང་གི་བདེན་ཚབ་ཏུ་བསྒྲོན་པའི་ཞེན་ཆགས་ཀྱི་བར་སྣང་ཡིན་འདོད་ན
རྨ་ཆུ་ན
དོ་ནུབ་ཁྱོད་ལ་སེམས་པ་སྟོན་མཁན་ཡོད
སང་ཉིན་ཁྱོད་ལ་དགྲ་ཤ་ལེན་མཁན་མང
 
ཀོ་བ་ཞིག་རང་གི་སྒལ་གཞུང་དུ་བཀབ་ནས་གླུ་ཆུང་ལེན་པ་ནི
ཁྱོད་དང་ངའི་ཐུན་མོང་གི་དགའ་ཁ་འཁྱེར་ཕྱོགས་ཤིག་ཏེ
གདོང་ཤུན་མེད་པའི་དངོས་ཡོད་ཀྱི་གནས་ལུགས་སྨྲ་མཁན་དེའང
སྔ་མོ་ནས་ང་ཚོ་རང་ཉིད་ཡིན་ན་འགྲིག་ཨང
ང་ཡི་མཚན་ལམ་རིང་མོའི་ཆང་ཁང་དུ་གདུང་ལྭ་གྱོན་པའི་འབྲོག་བུ་དཀོམ་བཀྲ
 
ལྷ་སའི་གཏམ་རྒྱུད་ཀྱི་ཁུ་བ་རྐྱང་རྐྱང་འཐུང་ནས་ཉིན་ཤས་འགོར་རྗེས
ངས་རང་ཉིད་གཞི་ནས་བཟི་སོང་བསམས་ཡོད
སྐབས་དེའི་སེམས་སུ་སྨིན་པའི་ཐ་སྙད་ཀྱི་སྒྲོམ་བུར་བལྟས་ན
ཁྱོད་ནི་དེ་འདྲའི་རྫོབ་དྲི་བྲལ་བའི
ཁྲག་ཐིགས་ཤིག་གི་མཛེས་རིས་གཅིག་པུའོ
 
འབྲོག་བུ་དཀོམ་བཀྲ  ཁྱོད་ཡོད་པས
ངས་སྙན་ངག་མང་པོ་འཆི་བདག་ལ་ཕུལ་མ་དགོས
ངས་བརྩེ་བ་རིང་མོ་རླུང་བུ་ལ་བཅོལ་མ་དགོས
 
འདི་ལྟར
ངས་ཀྱང་སྙན་ངག་ཅིག་ཁྱོད་རང་ཡིན་ཁུལ་གྱིས་བཞེངས་ཡོད
 
                          ༢༠༡༡ལོའི་ཟླ༣ཚེས༧ཉིན་བྲིས་སོ།
 
ཟུར་བཤད།  སྤྱིར་ན་གུས་བོས་སྣང་ངོར་འབྲོག་བུ་དཀོམ་བཀྲའི་སྙན་ངག་དག་ནི་དེང་རབས་བོད་ཀྱི་མཐོ་རིམ་སློབ་གྲྭ་ཁག་གི
སྨྱུག་ཐོགས་པ་ཀུན་དང་བསྡུར་ན་གོམ་པ་འགའ་རེས་ཡར་ལ་ཐོན་ཡོད་ཅིང།  ཁོ་བོས་བཅོས་མིན་གྱི་ཚོར་བ་དག་ནི་ང་ཡིས་
འཚོལ་གྱིན་པའི་སྙན་ངག་གི་མཛེས་ཆ་ལྟ་བུ་ཞིག་ཏུ་ཆགས་ཀྱིན་པས་ཡིན།  དེ་ལས་གཞན་ང་དང་འབྲོག་བུ་དཀོམ་བཀྲ་གཉིས་
མྱི་རབས་བཞི་བི་ཚོགས་མི་ཡིན་པས་ཆ་ནས་འདི་ལྟར་བསྟོད་པ་ནི་མ་ཡིན་ལ།  ཀློག་པོ་ཀུན་པོས་ཁོང་གི་སྙན་དེབ་ཐོག་མ་
མཚན་ལམ་རིང་མོར་ཐེངས་གཅིག་མཇལ་བས་ཤེས་སྲིད་དོ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།